བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་འགྲེམས་མངའ་རིས་སུ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན། “གུང་ཁྲན་ཏང་གི་བཀའ་དྲིན་སེམས་སུ་བཅངས། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད”ཅེས་པའི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་འགྲེམས་སེང་གེ་ཁ་འབབ་གྲོང་རྡལ་ཞང་ཞུང་རིག་གནས་ཐང་ཆེན་དུ་འགོ་ཚུགས་པ་རེད།

མངའ་རིས་ས་ཁུལ་གྱི་ཚན་ཁག་ཆེ་གྲས་བཞིའི་འགོ་ཁྲིད་གཙོ་བོ་དང་། དེ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ། སློབ་གྲྭའི་དགེ་སློབ། མང་ཚོགས་ཀྱི་འཐུས་མི་བཅས་མི400ལྷག་ཙམ་སྐོར་འགྲེམས་ལ་ལྟ་བར་སླེབས་ཡོད་པ་རེད།

སྐོར་འགྲེམས་ལ་ལྟ་མཁན་སེང་གེ་ཁ་འབབ་གྲོང་རྡལ་གྱི་མང་ཚོགས་ཀྱི་འཐུས་མི་འཇམ་ངག་གིས་མྱོང་ཚོར་ཟབ་མོས་གསར་འགོད་པར། “ད་རེས་ཀྱི་འགྲེམས་སྟོན་ལ་བལྟས་རྗེས་ངས་སྔར་ལས་ལྷག་པའི་སྒོ་ནས་བོད་རྙིང་པའི་མུན་ནག་རྗེས་ལུས་དང་བོད་གསར་པའི་མཛེས་སྡུག་དང་བདེ་སྐྱིད་ཚོར་བྱུང་། ང་ཚོ་བོད་ཀྱི་མི་སེར་རྣམས་ལ་རང་ཁྱིམ་རང་བདག་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པས། ཀྲུང་གོ་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།