བོད་ལྗོངས་ཉིང་ཁྲིས་ཇའི་ཐོན་ལས་འོས་སྦྱོར་ལ་བརྟེན་ནས་མཐོ་སྒང་གི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲིའི་ཇའི་ཐོན་ལས་དང་ཐོན་རྫས་འོས་སྦྱོར་ཚོགས་འདུ་ཟླ9བའི་ཚེས17ཉིན་བོད་ལྗོངས་ལྷ་ས་ནས་སྤེལ་བ་དང་། ཚོགས་འདུ་དེས“ཚན་རིག་གི་སྒོ་ནས་ཟོང་རྟགས་འཕེལ་རྒྱས་འཚོལ་ཞིབ་བྱས་ནས་ཐོན་ལས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ”ཞེས་པ་བརྗོད་གཞིར་བཟུང་སྟེ།  ཉིང་ཁྲི་དང་བོད་ལྗོངས་ཀྱི་ཇ་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་བོད་ལྗོངས་ཀྱི་ཇ་ལོ་ཁྲོམ་རའི་སྟེང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

 མེ་ཏོག་རྫོང་ནི་ཧི་མ་ལ་ཡ་རི་བོའི་ལྷོ་རྒྱུད་དུ་གནས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི1200ཟིན་པ་དང་། གནམ་གཤིས་དྲོ་ཞིང་བརླན་གཤེར་ལྡན་པ་དང་། ཆར་ཆུ་འཛོམས་ལ། རི་ཁུལ་དུ་རྟག་ཏུ་སྨུག་པ་འཐིབས་པ་དང་མཁའ་དབུགས་གཙང་ལ་སྦགས་བཙོག་མེད་པ། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་ཞིག་ཡིན།

ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་དར་རྒྱས་ཀྱིས། ཉེ་བའི་ལོ་ཤས་རིང་ལ་ཉིང་ཁྲི་གྲོང་ཁྱེར་གྱིས་ཇའི་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར5.42བཏང་ནས“མཛེས་སྡུག་ལྡན་པའི་ཉིང་ཁྲིའི་མཐོ་སྒང་སྐྱེ་ཁམས་ཇ་ལོ”བསྐྲུན་རྒྱུ་དམིགས་བྱར་བཟུང་ཏེ། ཇའི་ཐོན་ལས་ལེགས་ཤིང་མྱུར་བའི་སྒོ་ནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས། 

མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་སྤོ་མེས་རྫོང་དང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་། དབྱི་ཀུང་ཇ་ར། རྫ་ཡུལ་ཞིང་ར་བཅས་ཀྱིས་ཇ་འདེབས་བཞིན་ཡོད་པ་དང་། འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི3.12ཟིན་པ་རེད།

2018ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱི་ཇའི་ཐོན་ཚད་ཏུན106.62དང་།  ཐོན་རྫས་རིན་ཐང་སྒོར་ཁྲི4661ཟིན་ནས་ཞིང་འབྲོག་པའི་ཁྱིམ་ཚང1063གི་ཡོང་འབབ་འཕར་བར་སྣེ་ཁྲིད་དེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3036སླེབས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཉིང་ཁྲིའི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐད་སྐུལ་འདེད་དང་། དབུལ་ཐར་འགག་སྒྲོལ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བར་རམ་འདེགས་བྱས་པ་རེད།

མིག་སྔའི་བར་མེ་ཏོག་རྫོང་གིས་ཚད་གཞི་མཐོན་པོའི་མཐོ་སྒང་གི་སྐྱེ་ལྡན་ཇ་གླིང33བསྐྲུན་པ་དང་སྤྱིའི་རྒྱ་ཁྱོན་མུའུ8926.36ཟིན་ལ། ཇ་ལོ་འཐུ་ཆོག་པའི་རྒྱ་ཁྱོན་མུའུ4393ཟིན་པ་དང་གཙོ་བོ་ཇ་ལོའི་རིགས6འདེབས་འཛུགས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།