ཉིང་ཁྲི་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱིས་སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུ་སྒྲུབ་སྟངས་གསར་པ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་གྱི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མང་ཚོགས་བློ་ཡིད་ཚིམ་པའི་མི་སྤྱིའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་མྱུར་པོ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱིས་ཁུ་བསྡུ་རྨང་གཞིར་བྱེད་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་རྒྱ་ཆེའི་མི་སྣར་དེ་བས་སྟབས་བདེ་དང་། སྤུས་ལེགས། ནུས་ཆེ་བཅས་ཀྱི་ཞབས་ཞུ་བྱ་རྒྱུ་བསམ་ཕྱོགས་སུ་བཟུང་སྟེ། “སྒོ་གཅིག་གི་རྣམ་པའི”སྒྱུར་བཅོས་ཁྱབ་གདལ་ཧུར་ཐག་བཏང་བ་དང“སྐར་ཁུང་གཅིག་གི་རྣམ་པའི”ཞབས་ཞུ་བསྒྲུབས་ནས་ཕྱོགས་བསྡུས་ལས་གཉེར་བའི་ལམ་ལུགས་ཀྱི་སྒྲུབ་གཉེར་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བས། “མང་ཚོགས་འགྲོ་རྒྱུག་ཉུང་ཙམ་དང་གྲངས་གཞི་མང་ཙམ་བརྒྱུད་སྤྲོད”ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་སྒྲུབ་གཉེར་ཚད་ལྡན་ཅན་དང་། ཆེད་ལས་ཅན། ཚད་གཞི་ཅན་བཅས་སུ་བསྒྱུར་ནས་སྤྱི་ཚོགས་དང་མང་ཚོགས་ལ་དེ་བས་སྤུས་ལེགས་དང་ནུས་ཆེའི་ཞབས་འདེགས་ཞུ་ཐུབ་པ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།