སྟོད་ལུང་བདེ་ཆེན་ཆུས་ཀྱིས་གཅིག་འཐུས་རྣམ་པའི་ཞབས་ཞུས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཐེམ་ཐོའི་དངོས་མིང་ལམ་ལུགས་ལྟར་ཐོ་བཀོད་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ1744ཟིན་པའི་ནང་ལོ་སྔོན་མ་དག་གི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ1252ཡོད་པ་དང་། དེའི་ཁྲོད་སློབ་མ1126ལས་ཞུགས་ཐུབ་ལ། སློབ་མ50ད་དུང་ལས་ཞུགས་ཐུབ་མེད་པ་དང་སློབ་མ་76ལས་ཀ་ཤོར་བ་རེད། 2018ལོར་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་དངོས་མིང་ལམ་ལུགས་ལྟར་ཐོ་བཀོད་པའི་སློབ་མ་518ཟིན་པའི་ཁྲོད་སློབ་མ་502ལས་ཞུགས་ཐུབ་ཡོད། མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་དངོས་མིང་ལམ་ལུགས་ལྟར་ཐོ་བཀོད་པའི་2019ལོའི་ལོ་འདིའི་སློབ་མ་492ཟིན་པའི་ཁྲོད་སློབ་མ་131ལས་ཞུགས་ཐུབ་ཡོད། གྲངས་གཞི་འདི་དག་ནི་ལས་ཀའི་དཔང་རྟགས་ཡག་ཤོས་རེད།

སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་ཀྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་ནས་དྲིལ་བསྒྲགས་ལས་ཀའི་གཞི་རྟེན་གསར་གཏོད་དང་། གཉིས་གཏོད་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐབས་ལམ་སྣ་མང་སྤྱད་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་སྒྲུབ་པ། ལས་ཞུགས་ཐུབ་མེད་པ་དང་ལས་ཀ་ཤོར་བའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི“གཅིག་རོགས་གཅིག”གི་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ནང་སར་བསྐྱོད་དེ་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་སྒྲིག་འཛུགས་བཅས་བྱས་པ་མ་ཟད། མཁོ་སྤྲོད་ལས་སྟེགས་བཏོད་ཅིང་། སྣེ་ཁྲིད་རང་བཞིན་གྱི་གསོ་སྦྱོང་དང་། “མངགས་ཐོ་རྣམ་པའི”གསོ་སྦྱོང་། ལས་ཞུགས་གོང་གི་གསོ་སྦྱོང་སོགས་གསོ་སྦྱོང་གི་ཐབས་ལམ་མང་པོ་ལག་བསྟར་བྱས་པ་རེད།

ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་སྒྲོལ་མས“ལས་མི་བསྡུ་དཀའ་བ”དང་། ལས་ཀ་འཚོལ་མཁན“ལས་ཞུགས་དཀའ་བའི”གནད་དོན་ལ་དམིགས་ཏེ་ང་ཚོས་སྟོད་ལུང་བདེ་ཆེན་ཆུས་མི་སྤྱི་ཅུས་དང་མཉམ་དུ་རྒྱ་ཆེའི་ལས་ཀ་འཚོལ་མཁན་ཚོར“ལས་གནས་མཁོ་འདོན་དང་། སྲིད་ཇུས་ཁྱབ་གདལ། རྩལ་ནུས་གསོ་སྦྱོང”བཅས་ཀྱི་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་པ་མ་ཟད། མཁོ་སྤྲོད་ལས་སྟེགས་བཏོད་དེ་ངལ་རྩོལ་བ་དང་མི་སྤྱོད་ཚན་པ་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ང་ཚོས་ཁེ་ལས་ཀྱི་ལས་ཀའི་དགོས་མཁོར་གཞིགས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་གསལ་འགྲེལ། ལས་ཞུགས་གོང་གི་གསོ་སྦྱོང་སོགས་ཀྱི་ལས་དོན་རབ་དང་རིམ་པ་བསྒྲུབས་པས། ལས་ཀ་འཚོལ་མཁན་ཚོ་ལས་ཞུགས་ཡག་པོ་ཐུབ་པ་དང་འབྲེལ། ལས་སྒོའི་འཇོན་ཐང་ཡང་ནུས་ལྡན་ངང་གོང་མཐོར་ཕྱིན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།