བོད་ལྗོངས་ཀྱི་རྫོང་དབུལ་པོའི་དབུལ་ཞྭ་ཕུད་པའི་དཔྱད་ཞིབ་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས16ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱི་རྫོང་དབུལ་པོའི་དབུལ་ཞྭ་ཕུད་པའི་དཔྱད་ཞིབ་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་བཞི་ཡིན་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁག་བགོས་དོ་དམ་འགོ་ཁྲིད་དང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དང་། དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང(ཆུས)19ཡི་འགོ་ཁྲིད་གཙོ་བོ་དང་། ཁག་བགོས་དོ་དམ་འགོ་ཁྲིད། དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་དང་། དབུལ་ཞྭ་ཕུད་ཟིན་པའི་རྫོང(ཆུས)55ཡི་ཁག་བགོས་དོ་དམ་འགོ་ཁྲིད་དང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལ་སོགས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་འགན་འཁྲི་དང་ལས་འགན་གཙོ་བོ་འཁུར་མཁན་གྱི་གཙོ་ཤུགས་དམག་180ཙམ་གསོ་སྦྱོང་ལ་ཞུགས་པ་རེད། གསོ་སྦྱོང་དེ་ཆེད་དོན་འཆད་ཁྲིད་དང་། ས་ཆ་དངོས་སུ་གསོ་སྦྱོང་། ཚོགས་ཆུང་བགོས་ནས་གྲོས་བསྡུར་སོགས་བརྒྱུད་ནས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།