བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་ཆབ་མདོར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་གྱི་སྔ་དྲོར། “ཏང་གི་བཀའ་དྲིན་དྲན་པ་དང་དུས་རབས་གསར་པར་འབད་འབུངས་བྱེད་ཅེས་པའི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན”ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཏང་གི་བཀའ་དྲིན་དྲན་པ་དང་དུས་རབས་གསར་པར་འབད་འབུངས་བྱེད་ཅེས་པའི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན”ལ་འགྲེམས་ཁང་གཉིས་སུ་དབྱེ་ནས་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གི་བོད་རྙིང་པ། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ། གོམ་ཞེང་ཆེན་པོས་དུས་རབས་གསར་པར་མདུན་སྐྱོད་བྱེད་པ་བཅས་ནང་དོན་ལྔ་ལས་གྲུབ་པ་དང་། ཁྱོན་འགྲེམས་པང153ཡོད་པ་རེད།

བྱམས་པ་གླིང་དགོན་པའི་དགེ་འདུན་པ་རྒྱལ་རྣམ་གྱིས་འགྲེལ་བཤད་ནན་ཏན་ངང་ཉན་བཞིན། སྐབས་འགར་ཉེ་འགྲམ་གྱི་མི་དང་གྲོས་བསྡུར་བྱས་ནས་མྱོང་ཚོར་ཟབ་མོའི་ངང“དེ་རིང་གི་སྐོར་སྐྱོད་འགྲེམས་སྟོན་ལ་ཞུགས་པ་བརྒྱུད། ངས་བོད་རྙིང་པའི་དཀའ་སྡུག་དང་། དྲང་གཞག་མིན་པ། རང་ལུས་རང་དབང་མེད་པ་བཅས་མྱོང་ཚོར་ཐུབ་བྱུང་བས། དེང་གི་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་འཚོ་བར་སྔར་བས་གཅེས་སྤྲས་བྱས་ཏེ། རླབས་ཆེན་མེས་རྒྱལ་ལ་སྔར་བས་དགའ་ཞེན་བྱ་རྒྱུ་ཡིན། དགེ་འདུན་པ་ཞིག་ཡིན་པའི་ངས་ནམ་ཡང་ཏང་གི་བཀའ་དྲིན་བློ་ལ་ངེས་པ་དང་། ཏང་གི་ཐུགས་ཁུར་ཚོར་བ་བྱས་ཏེ་ཏང་གི་རྗེས་སུ་འབྲངས་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།