ལྷ་ས་འགག་སྒོས་ཕྱི་ལོའི་ལོ་འགོར“གོམ་སྟབས་གཉིས་ཀྱི་རེ་ཞུའི”སྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འགག་སྒོ་སྤྱི་ཁྱབ་ཧྲུའི་2019ལོའི་སྤྱི་བསྒྲགས་ཨང་127པའི་ནང་2019ལོའི་ཟླ་8ཚེས་24ཉིན་ནས་བཟུང་འགག་སྒོ་ཁག་གཅིག་གིས་ནང་འདྲེན་དངོས་ཟོག་ལ“གོམ་སྟབས་གཉིས་ཀྱི་རེ་ཞུའི”སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ལྷ་ས་འགག་སྒོས་སྔོན་དཔག་བྱས་ན2020ལོའི་ཟླ1ཚེས1ཉིན་སྔར་ཡོད་ཀྱི་རེ་ཞུ་བྱེད་སྟངས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག“གོམ་སྟབས་གཉིས་ཀྱི་རེ་ཞུ”དངོས་སུ་ལག་བསྟར་བྱ་རྒྱུ་རེད། 

ཚོད་ལྟའི་འགག་སྒོའི་ཉམས་མྱོང་དང་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བབ་དང་བསྟུན་ནས་སྒྱུར་བཅོས་ཀྱི་ནང་དོན་གཙོ་བོ་དང་ལས་སྒྲུབ་ཀྱི་གོ་རིམ་གཙོ་བོ་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལེ་ལག་ཚང་བའི་ལམ་ལུགས་དང་འགན་ལེན་ལམ་སྲོལ་བཏོན་ཏེ་ནུས་ཆེ་སྟབས་བདེ་དང་སྟབས་བསྟུན་སྒོ་དབྱེའི་རེ་ཞུའི་ལམ་ལུགས་ཤིག་ནུས་ཤུགས་ཡོད་རྒུས་བཟོས་ནས་ཁེ་ལས་ལ་སྣ་མང་ཅན་གྱི་འགག་སྒོ་སྒྲོལ་བའི་ཞབས་འདེགས་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།