ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་གཏོད་པ་དང་། རྒྱ་ཆེའི་དགེ་རྒན་ལས་བཟོ་ཚོས་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་འཕུལ་རྒྱུར་སྐུལ་མ་གཏོང་བ། མི་དམངས་ཀྱིས་བློ་ཡིད་འཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་མཐོ་རིམ་ལས་རིགས་སློབ་གྲྭ་གཉིས་པར་དགེ་རྒན་དུས་ཆེན་ཐེངས 35པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་འཐབ་ཕྱོགས་ཐོག་ཐོན་པའི་སྔོན་ཐོན་དཔེ་བཟང་དགེ་རྒན་ལ་གཟེངས་བསྟོད་བྱས་པ་དང་བསྟུན། རྒྱ་ཆེའི་དགེ་སློབ་ཚོས་ཐུན་མོང་ཐོག་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་མ་ཟད། རྒྱ་ཆེའི་དགེ་རྒན་ཚོས་ཁ་བཤད་ལག་ལེན་ཐུབ་པ་བྱེད་རྒྱུ་དང་མི་གསོ་སྐྱོང་ལ་སྐུལ་མ་གཏོང་རྒྱུ། སློབ་གསོ་ཡག་པོ་གཉེར་རྒྱུ་བཅས་ཀྱི་ཐད་ཐོབ་པའི་ཉམས་མྱོང་ཡང་གླེང་གནང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་ས་གྲོང་ཁྱེར་གྱིས་དགེ་རྒན་དུས་ཆེན་ཐེངས35པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།