ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས།

—— ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།    

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་ཕྱོགས་གསར་པ་གཞིར་བཟུང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ལྷ་ས་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་ཀྱི་དམིགས་ཚད་དང་ཟུང་འབྲེལ་དང་། གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འཁུར་བའི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་དང་ཟུང་འབྲེལ། སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ། མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་སྒྲེང་བ། བཀོད་སྒྲིག་གཏིང་ཟབ་དང་ཕྱོཌ་ཡོངས་ནས་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་གྱི་བྱེད་ཐབས་དང་ཐབས་ལམ་རྒྱུན་ཆད་མེད་པར་གསར་གཏོད་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཉིན་བཞིན་མཛེས་སྡུག་ལྡན་པར་བྱས་ཡོད།

དམངས་སེམས་གཅིག་མཐུན་གྱིས་མི་རིཌ་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལོ་ལྟར་གྱི་ལོ་འགོར་ཅུས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་པ་དང་། རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པའི”བསམ་བློ་བརྟན་པོ་འཛུགས་པ། མི་དམངས་ཉེན་རྟོག་པ་ཡོངས་ལ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་འཛུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་བརྟན་དུ་དང་འཕེལ་རྒྱས་བཏང་ཡོད།

སེམས་ནུས་གཅིག་སྒྲིལ་གྱིས་ཞི་མཐུན་སྤྱི་ཚོགས་མཉམ་དུ་བསྐྲུན་པ།

དུས་ཡུན་རིང་པོའི་ནང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་ལ་སྲུང་སྐྱོང་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བཅས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་འགན་ལེན་ཏན་ཏིག་བྱས་ཡོད།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་ཆེད་དོན་འཐབ་རྩོད་དང་འཇིགས་སྐུལ་ལ་ངོ་རྒོལ་གཞུང་ལས་ཁང་གི་ཆེད་དོན་འཐབ་རྩོད་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ངོས་ཀྱི་སྐོར་གཡེང་འགོག་སྲུང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་ཟབ་ཏུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། “མེད་པ་གསུམ”དང“གནས་ཚུལ་ཆེ་འབྲིང་ཆུང་གསུམ་མི་ལྷག་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཡོད།

མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྐར་ཁུང་ལས་སྒྲུབ་ཀྱི་གོ་རིམ་ལེགས་སུ་གཏོང་བ། དམངས་ཕན་ཞབས་ཞུའི་བྱེད་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་མང་པོའི་ཐད་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས་དམངས་བདེ་དམངས་ཕན་གྱི་ཞབས་ཞུའི་ལས་དོན་ལེཌ་པར་བསྒྲུབས་ཡོད།

ཉ་ཆུ་ལྟར་ཟབ་པའི་བརྩེ་སེམས་ཀྱིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་བཏང་བ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི“ཁག་གཅིག་རེ་ལྔ”དང་། “གནད་སྨིན་དྲུག” “དམིགས་སར་འབྱོར་བ་བརྒྱད”བཅས་གཞིར་བཟུང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ལྟ་བར་འགྱུར་ལྡོག་གཏོང་བ། དབུལ་སྐྱོར་གསར་སྤེལ་གྱི་བསམ་ཕྱོགས་གསར་གཏོད་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་མངོན་འགྱུར་དང་ཞི་མཐུན་སྤྱི་ཚོགས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། ལས་ཀའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་དུད་ཚང་དབུལ་པོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱས་ཡོད།

ཅུས་ཏང་ཨུད་ཀྱི་ཨུ་ཡོན་གྱིས་དཔུང་ཁག་གི་སྣེ་ཁྲིད་དེ་ཆ་སྒྲིག་རོགས་སྐྱོར་བྱས་ཤིང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་དུད་ཚང་དབུལ་པོ་204ཡི་མི་གྲངས་990དང་། “མི་རིགས་གཉེན་ཉེ”བསྒྲིགས་ཏེ་ཚང་མ་ཞུགས་པ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་ལས་ཆ་སྒྲིག་གཉེན་འཚོལ་བྱེད་ཚད་100%ཟིན་ཡོད། “རྨང་བརྟན་དམངས་ཕན་དང་ཆ་སྒྲིག་རོཌ་སྐྱོར”ལས་དོན་ལ་མཐོང་ཆེན་བྱས་ཏེ། “གཅིག་སྡུད་སྒྲིག་འཛུགས་དང་མི་སྒེར་སྐྱོད་པ་ཟུང་འབྲེལ”གྱི་བྱེད་ཐབས་གཞིར་བཟུང་། མི་དམངས་ཉེན་རྟོག་པས་དུས་ཚིགས་རེར“གཉེན་ཉེ”དང་ཐེངས་རེ་ཐུག་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།