བོད་ལྗོངས་ཀྱིས་སླར་ཡང་བོད་ཡིག་ཐ་སྙད་1500ལྷག་ཙམ་བཀས་བཅད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། 2018ལོ་ཚུན་དུ། བོད་ཀྱིས་གསར་ཐོན་ཐ་སྙད་བཀས་བཅད་1500ལྷག་ཙམ་གསར་སྣོན་བྱས་པ་དེའི་ནང“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”དང“བྲེལ་རྒྱུག་པའི་རིགས”“སྙིང་གཟུགས”སོགས་རྒྱ་སྐད་ནང་ཐོན་པའི་ཐ་སྙད་དེ་དག་བོད་སྐད་ཐད་ཀྱང་ཚད་ལྡན་བྱུང་ཡོད།

བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས།  “ང་ཚོའི་ལས་ཀ་གཙོ་བོ་གཞི་རིམ་ལ་ཕྱོགས་ཡོད། དཔེར་ན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་ཡིག་སྒྱུར་ངོས་ནས་བརྗོད་ན། མི་སེར་གྱིས་གོ་བདེ་རྟོགས་སླ་ཞིག་བྱུང་ཚེ་ལས་དོན་ཁག་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་དེ་བས་ལེགས་པའི་སྒོ་ནས་དམིགས་སར་དོན་འཁྱོལ་ཡོང་ཐུབ”ཚད་ལྡན་གྱི་ཐ་སྙད་བཀས་བཅད་ཚང་མ་ད་དུང་བོད་སྐད་ཡིག་དྲ་བ་དང་། ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། 《བོད་ལྗོངས་ཉིན་རེའི་ཚགས་པར》 《ཟླ་ཕྱེད་གླེང་མོ》སོགས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ་ཐོག་བཏོན་ཡོད་ཅེས་བརྗོད་པ་རེད།

བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནི་2005ལོར་བཙུགས་པ་དང་། གཙོ་བོ་འཚོལ་བསྡུ་དང་། ཡིག་སྒྱུར། བཀས་བཅད་ཚད་ལྡན་བྱེད་པ་དང་འབྲེལ་བོད་ཡིག་ཐ་སྙད་བཀས་བཅད་གཅིག་གྱུར་ཡོངས་བསྒྲགས་ཀྱི་འགན་འཁུར་གྱི་ཡོད། མིག་སྔའི་བར། ཚད་ལྡན་ཨུ་ལྷན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཐོན་མང་བའི་ཐ་སྙད་གསར་པ་བསྡོམས་འབོར་ཁྲི་ལ་ཉེ་བ་བཀས་བཅད་ཚད་ལྡན་བྱས་ཡོད་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།