དམངས་སྲོལ་རིག་གནས་དར་ཞིང་རྒྱས། ཞོ་སྟོན་མིག་གི་ལོངས་སྤྱོད་སྤྲོ།

res01_attpic_brief.jpg

འདི་ནི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9ཚེས1ཉིན་གྱི་སྔ་དྲོར། 2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་གྱི་བྱེད་སྒོ་གྲོང་བྱང་རྟ་རྒྱུག་ཐང་དུ་སྤེལ་བ་རེད། ཟླ8ཚེས30ནས་ཟླ9ཚེས5བར་ནི་ལྷ་སའི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་གྱི་དུས་ཆེན་ཞོ་སྟོན་ཡིན་ཞིང་། དུས་ཆེན་རིང་གོས་སྐུ་འགྲེམས་པ་དང་ལྷ་མོ་འཁྲབ་པ་སོགས་རིག་གནས་དང་། ལུས་རྩལ། ཚོང་དོན་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་ནང་རྟ་ཐོག་ཞབས་བྲོ་དང་། རྟ་ཐོག་མདའ་འཕེན། རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་ཀྱི་རྣམ་གྲངས་ཆེ་བ10ཡོད་པ་དང་། ཉིན་དེའི་བྱེད་སྒོའི་ཐོག་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བ་ཚོར་ངོ་མཚར་ཆེ་བའི་སྟོན་མོ་ཞིག་བཤམས། 

༡.jpg

༢.jpg

འདི་ནི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་བཞིན་པ།

༣.jpg

འདི་ནི་ནོར་བུ་གླིང་ཁར་མང་ཚོགས་ཀྱིས་འཁྲབ་སྟོན་ལ་ལྟ་བཞིན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།