བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“སྒྱུར་བཅོས”ཁྱོན་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་རྒྱུར་དམིགས་པ་དང་། དཀའ་གནད་དང་གླེང་མང་བའི་གནད་དོན་ལ་དམིགས་པ། འཕྲལ་བཤེར་འཕྲལ་བཅོས་དང་ཕན་འབྲས་དངོས་ལ་གཙིགས་ཆེན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད།

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝུའེ་ཏུང་གིས་ཉིང་ཁྲི་གྲོང་ཁྱེར་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་གནང་ཞིང་། ཁོང་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམ་པོར་དམིགས་པ་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱེད་པ་དང་། “ཕྱོགས་གསུམ་གཞི་གཅིག”གི་སྒྱུར་བཅོས་ལ་གཅིག་འདོམས་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་གཞིགས་ནས་འགན་འཁྲི་སྒྲུབ་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། སུལ་རུངས་བྱེད་མི་འདོད་པ་བཅས་ཚང་མར་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ཕན་འབྲས་དང་། ཁྲིམས་དང་སྒྲིག་ལམ་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཚན་ཁག་གི་ཁོངས་མིས་བརྟག་ཞིབ་ཀྱི་འཆར་གཞི་ལྟར་གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ཁྲོད་ཀྱི་གནད་དོན་35གསེད་བཀྲོལ་བྱས་པ་དང་དག་ཐེར་བྱེད་ཐབས་ཁག་37བཏོན་ཡོད། ཨུ་ལྷན་ཏང་ཙུའུ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས། འཕྲོད་བསྟེན་བདེ་ཐང་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་སྔར་བས་གསེད་དཀྲོལ་དང་ཕྱོགས་སྡོམ་བྱས་པ་མ་ཟད། ཞིབ་ཕྲའི་དག་ཐེར་བྱེད་ཐབས་ཀྱང་བཟོས་ནས་འབྲེལ་ཡོད་ཁྲུའུ་དང་ཚན་པས་དག་ཐེར་ལ་དམ་འཛིན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད།

ལྗོངས་ནོར་སྲིད་ཐིང་གིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་གནད་དོན་དངོས་སྒྱུར་བཅོས་བྱ་རྒྱུར་དམིགས་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཟླ་6པའི་ཟླ་དཀྱིལ་ནས་བཟུང་། ཐིང་གི་འགོ་ཁྲིད་ཀྱིས་བོད་ཀྱི་ནོར་སྲིད་སྒྱུར་བཅོས་འཕེལ་རྒྱས་ལྟེ་གནས་ཀྱི་ལས་དོན་དང་། དེ་བཞིན་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་དང་། འཕྲལ་མཁོ་ཆེ་ཤོས་ཡིན་པ། སེམས་ཁྲལ་ཆེ་ཤོས་བྱེད་པ། བསམ་བློ་མང་ཤོས་གཏོང་བ་བཅས་ཀྱི་གནད་དོན་ལ་རང་འགུལ་ངང་བརྟག་ཞིབ་བྱས་པ་དང་། གྲོང་ཁྱེར་6དང་། རྫོང(ཆུས)19 དེ་བཞིན་ཁ་གཏད་ཞབས་ཞུའི་ཚན་པ་12བཅས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་། ཞབས་འདེགས་ཞུ་ཡུལ་དང་ངོ་གཏུག་གདོང་འཕྲད་ཀྱིས་སྤེལ་རེས་ཀྱང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཧེ་བག་འཚོལ་བ་དང་། ཐབས་ཤེས་འདོན་པ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་ལ་ཤུགས་བརྒྱབ་པས་ཆེད་དོན་བརྟག་ཞིབ་སྙན་ཞུ་12གྲུབ་ཡོད།

ལྗོངས་རིག་གནས་ཐིང་ཏང་ཙུའུ་ཡིས་གནད་དོན་བཙལ་འཚོལ་དང་དག་ཐེར་དོན་འཁྱོལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་བྱས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རིང་། ལྗོངས་རིག་གནས་ཐིང་གིས་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། རིག་གནས་ལས་དོན་དང་འབྲེལ་བའི་གླེང་མང་ཞིང་དཀའ་གནད་ཆེ་བ་དང་གནད་འགག་ཆེ་བའི་གནད་དོན་ལ་དམ་པོར་དམིགས་ནས་བརྟག་ཞིབ་ཆེད་དོན་7གཏན་འཁེལ་བྱས་པ་དང་། བརྟག་ཞིབ་བྱེད་པའི་ཁྲོད་རིམ་རྩིས་བརྒྱབ་ན་གནད་དོན་ཁག་22ཤེས་རྟོགས་ཐུབ་པ་མ་ཟད། བརྟག་ཞིབ་ཀྱི་ཆེད་དོན་སྙན་ཞུ་ཡང་གྲུབ་ཡོད། མིག་སྔའི་བར་ཐིང་ཏང་ཙུའུ་ཡིས་རིགས་ཁག་གི་གནད་དོན་44གསེད་བཀྲོལ་དང་གནད་དོན་12དག་ཐེར་བྱས་པ་མ་ཟད། རེ་རེ་བཞིན་ལ་ཞིབ་བཤེར་དང་དབྱེ་ཞིབ་ཀྱང་བྱས་པ་དང་། སྐུལ་འདེད་འཆར་གཞི་རིགས་དབྱེ་ནས་བཟོས་པ་དང་རྩིས་ཐོ་བཀོད་པ་དང། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ། སྒྲུབ་རྒྱུར་ལྟ་སྐུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། རིས་བཀལ་དམག་རྒྱག་དང་རྩིས་བསྡུར་ཐོ་སུབ་ལག་བསྟར་བྱས་ནས་རེ་རེ་བཞིན་དག་ཐེར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད།

ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏང་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱར་ནན་པོར་གཞིགས་ནས། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལྟ་ཞིབ། དག་ཐེར་དོན་འཁྱོལ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཚན་ཁག་གི་ཁོངས་མིས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཐེངས་7བྱས་ནས་གནད་དོན་44ལ་རང་བཤེར་བྱེད་པ་དང་། བསམ་འཆར་དང་གྲོས་འགོ་30ཉན་པ། གྲོང་སྡོད་ལས་དོན་ས་ཚིགས་ལ་དམངས་ཕན་ཟམ་པ་5རྒྱག་རོགས་བྱས་པ། ལམ་ལུགས་ཁག་4བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་དང་གསར་དུ་བཟོས་ཡོད།

ཉེ་ཆར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཡིག་ཚགས་དང་ཚད་ལྡན་ཡིག་ཆ་ལྷ་སར་འགྲེམས་སྟོན་བྱས་ཤིང་། མིག་སྔའི་བར་ཁྱོན་བསྡོམས་ཚན་པ་67གྱི་མི་1630ཞུགས་ཡོད། ཚད་ལྡན་ཡིག་ཆར་ལྟ་སྐོར་བྱེད་མཁན་ཏང་ཡོན་དང་ལས་བྱེད་པ་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གཤིས་རྒྱུད་བཞུན་བརྡར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ཡོད།

ཚེས་25ཉིན་གྱི་སྔ་དྲོ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་བུམ་པའི”ལས་བཟོའི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་ལྗོངས་དཔེ་མཛོད་ཁང་དུ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།