ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱིས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”གཏོད་འཛུགས་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱིས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”གཏོད་འཛུགས་བྱེད་སྒོ་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་43དང་། ལས་ཁུངས་ཀྱི་ཏང་ཡོན2000ལྷག་ཙམ་གྱིས་རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་ཁྱོན་བསྡོམས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”200ཙམ་བཙུགས་པ་རེད།

ཆབ་མདོ་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”གཏོད་འཛུགས་ལས་དོན་དེ“འགོ་ཁྲིད་ཨང་དང་པོའི”འདུ་འགོད་ལ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། ལས་ཁུངས་ཀྱི་ཏང་ཡོན་ཡོངས་རྫོགས་རྒྱ་ཁྱབ་ངང་ཞུགས་པས་རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། མིག་སྔར། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཚང་མས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”བྱེད་སྒོའི་ཇུས་གཞི་བཟོས་པས་མི་སྣ་དམིགས་སར་འབྱོར་བ་དང་། འགན་ལེན་དམིགས་སར་འབྱོར་བ། བྱེད་སྒོ་སྤེལ་ཡུལ་དམིགས་སར་འབྱོར་བ། ཞབས་ཞུ་དམིགས་སར་འབྱོར་བ་བཅས་བྱུང་ཡོད། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པས་ཞབས་ཞུའི་རང་བཞིན་དང་། སྐར་ཁུང་ཚན་པ། ལས་ཀའི་འགན་ནུས་སོགས་ཀྱི་ངོ་བོ་མི་འདྲ་བར་གཞིགས་ཏེ་བྱེད་ཐབས་སྣ་མང་དང་། རིམ་པ་དབྱེ་བ། ཡོངས་ཁྱབ་ཐུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་གནས་བཀོད་སྒྲིག འགན་འཁྲི་ལུགས་མཐུན་ངང་གཏན་འཁེལ་བཅས་བྱས་ནས“ཏང་ཡོན་གྱི་སྔོན་ཐོན་ལས་གནས”གཏོད་འཛུགས་ཀྱི་ལས་དོན་ལ་དམིགས་སའི་རང་བཞིན་དང་། འཐུས་ཚབ་རང་བཞིན། དངོས་ཕན་རང་བཞིན་བཅས་ལྡན་པའི་འགན་ལེན་ཏན་ཏིག་བྱས་ཡོད། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་རིགས་ཆེ་གྲས10དང་སྔོན་ཐོན་ལས་གནས་46ཚན་རིག་དང་མཐུན་པའི་སྒོ་ནས་བཙུགས་ཏེ་གཏོད་འཛུཌ་ལས་དོན་མཐར་ཕྱིན་པ་སྤེལ་རྒྱུའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།