ནག་ཆུ་གྲོང་ཁྱེར་གྱིས་གྲོང་སྡོད་ལས་དོན་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་ཀྱི་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་སྤེལ་འགོ་བཙུགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་གྲོང་སྡོད་ལས་བྱེད་པ་ལེགས་འདེམས་དང་ཧྲག་སྒྲིག་བྱས་ཏེ། 《དུས་རབས་གསར་པའི་ལས་བྱེད་པས་གནད་སྨིན་གྲོང་སྡོད་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། འབྲི་རུ་རྫོང་བདམས་ནས་ཚོད་ལྟའི་ལས་དོན་སྤེལ་ཞིང་། གྲོང་སྡོད་སྟོབས་ཤུགས་བཟང་སྒྲིག་བྱས་ཏེ་ཤང་འགན་གཙང་ལེན་པ་དང་། ཡུག་གཅིག་དང་འབྲེལ་གཏུག་བྱེད་པ། ཚན་པས་གྲོང་ཚོར་མངགས་གཏོང་བྱེད་པ་བཅས་རྣམ་པ་གསུམ་གྱི་ཐོག་ནས་ཚོད་ལྟའི་ལས་དོན་སྤེལ་ཏེ། གྲོང་སྡོད་ལས་དོན་ཁག་ཕྱོགས་ཡོངས་དང་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

གྲོང་སྡོད་བྱེད་སྟངས་བཟང་སྒྲིག་དང་ལེགས་སྒྲིག་བྱས་པ། ནག་ཆུ་གྲོང་ཁྱེར་གྱིས་ཤིན་ཏུ་དབུལ་བ་དང་། གཞི་རིམ་གྱི་རྨང་གཞི་ཞན་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བ་བཅས་ཀྱི་གཙོ་གནད་ཤང་དང་གྲོང་ཚོར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། 2019ལོར་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང་5གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་དཀའ་ངལ་ཆེ་བ་དང་གནད་དོན་མང་བའི་གྲོང་ཚོ(གྲོང་ལྷན)20བདམས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པའི་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་9བཀོད་སྒྲིག་བྱས་པ། ཐིང་རིམ་པའི་ལས་བྱེད་པ་5གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་པར་མངགས་ཡོད།

སྐོར་སྐྱོད་ཞིབ་བཤེར་དང་བརྟག་ཞིབ་ཀྱི་ལས་དོན་སྤེལ་བ། གྲོང་སྡོད་ལས་བྱེད་པ་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་མངགས་གཏོང་ཚན་པའི་བྱེད་པོའི་དབར་གྱི་འགན་འཁྲི་ཆེ་རུ་བཏང་ནས། གྲོང་སྡོད་ལས་བྱེད་པ་དང་མངགས་གཏོང་ཚན་པའི་དབར་གྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། མིག་སྔའི་བར་ནག་ཆུ་གྲོང་ཁྱེར་གྱིས་སྐོར་སྐྱོད་ཞིབ་བཤེར་ཚོགས་ཆུང་156བཙུགས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(གྲོང་ལྷན)ཡི་གྲོང་སྡོད་ལས་དོན་རུ་ཁག་ལ་སྐོར་སྐྱོད་ཞིབ་བཤེར་བྱས་ཤིང་། སྐོར་ཞིབ་བྱེད་རིང་། ཤེས་རྟོགས་བྱུང་བའི་གནད་དོན་མངོན་གསལ་དོད་རིགས་གསེད་བཀྲོལ་གྱིས་གོང་ཞུ་བྱས་པ་དང་། བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་ཁྱབ་སྤེལ་ཧུར་ཐག་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།