ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་གཏོད་འཛུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་སྤེལ་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ཉེ་དུས་ཀྱི་མི་རིགས་མཐུན་སྒྲིལ་རགས་བཤེར་ལས་དོན་ལ་ཕྱོགས་སྡོམ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག 2019ལོ་ནི་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་འགག་རྩའི་ལོ་རེད། མིག་སྔར་གཏོད་འཛུགས་བྱེད་སྒོར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གོམ་སྟབས་རྗེས་མར་ལྷག་པའི་གནད་དོན་ལ་བཅོས་སྒྲིག་བྱས་ཏེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ནས་གཏོད་འཛུགས་ལས་དོན་རྫོང་དང་ཆུས་ཁག་དང་། དེ་བཞིན་ཚན་པ་ཁག་གི་ཉིན་རེའི་གྲོས་རིམ་གལ་ཆེན་ལ་བཞག་ནས་རྗེས་སུ་ལུས་པའི་ཚན་པར་བསྐྱར་དུ་མཛུབ་ཁྲིད་བྱེད་པ་དང་། གཏོད་འཛུགས་མིང་བྱང་སྤྲོད་པའི་ལས་དོན་ལ་དམ་འཛིན་གྱིས་སྐུལ་མ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འཛུགས་བྱེད་སྒོ་ནམ་རྒྱུན་དང་། བསམ་ཚུལ་ལྷུག་གླེང་། བྱ་སྤྱོད་སྤེལ་བ། གཞི་རིམ་བཅས་ཡིན་པ་མཐའ་འཁྱོངས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་རིམ་པ་མང་བ་དང་། རྣམ་པ་མང་བ། བྱེད་ཐབས་མང་བ་བཅས་ཀྱི་སྒོ་ནས་སྤེལ་རེས་མཉམ་འགུལ་ཐད་སྐུལ་མ་ཧུར་ཐག་གཏོང་བ། འབྲེལ་འདྲིས་སྤེལ་རེས་མཉམ་འདྲེས་ལ་སྐུལ་མ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།