བྱང་རྩྭ་ཐང་དུ་གླུ་དབྱངས་སྙན་མོ་མཉམ་དུ་ལེན།

—— ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བཏོད་པའི་སྐོར་གྱི་སྒྲིལ་གླེང་།    

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། ཇུས་འགོད་ཞིབ་ཚགས། བཀོད་སྒྲིག་ཚགས་ཚུད། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་གཏོད་འཛུགས་ལས་དོན་ནག་ཆུའི་སྒྱུར་འཕེལ་བརྟན་གསུམ་མགྱོགས་སུ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་དང་། མི་རིགས་ཁག་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་བརྟན་པོ་ཞིག མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། བདེ་སྡུག་མཉམ་མྱོང་། ཞི་མཐུན་འཕེལ་རྒྱས་བཅས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྒྱུན་ཆད་མེད་པར་གསར་འབྱེད་ཡར་བརྩོན་གྱི་འགན་ལེན་བརྟན་པོ་ཞིག་ཏུ་གྱུར་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ཏན་ཏིག་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱིས་སྤེལ་བར་འགན་ལེན་ནུས་ལྡན་བྱས་ཡོད།

དཔེ་སྟོན་གྲོང་ཁྱེར་གཏོད་པའི་རྨང་གཞི་བརྟན་པོ་ཟམ་མི་ཆད་པར་བརྟན་དུ་བཏང་བ།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་དང་ལམ་ལུགས་ཀྱི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་དོན་དངོས་ལ་གཞི་ཚུགས་ནས་སྔ་རྗེས་སུ《ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལག་བསྟར་ཇུས་གཞི》དང་། 《ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་དཔྱད་བསྡུར་དམིགས་ཚད་མ་ལག》སོགས་བཏོན་པ་དང་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་གཏོད་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རྫོང་དང་ཆུས11དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་གིས་སྔ་རྗེས་སུ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་བཅས་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་འགན་ལེན་ནུས་ལྡན་བྱས་ཡོད།

དཔེ་སྟོན་གྲོང་ཁྱེར་གཏོད་པའི་རྣམ་པ་ཟབ་མོ་རྒྱུན་ཆད་མེད་པར་བསྐྲུན་པ།

གཏོད་འཛུགས་ལས་དོན་སྤེལ་རིང་། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་སྔ་ཕྱི་བར་གསུམ་དུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་སྒྲུབ”དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་རྣམ་པ་ཟབ་མོ་བསྐྲུན་པ་རེད།

དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་ཆེད། ནག་ཆུ་གྲོང་ཁྱེར་གྱིས《ནག་ཆུ་གྲོང་ཁྱེར་གྱི2019ལོའི་མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་ཇུས་གཞི》དང་། 《གྲོང་ཁྱེར་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཟོས་ནས་མི་རིགས་ཁག་གི་མང་ཚོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོང་ཁྱེར་གཏོད་པའི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏོད་འཛུགས་བྱེད་སྒོ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བྱ་སྤྱོད་དང་རང་འགུལ་གྱི་བྱ་སྤྱོད་དུ་དངོས་འབྲེལ་གྱུར་བར་བྱས་ནས་གྲོང་ཁྱེར་་ཡོངས་ཀྱི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་ལེགས་པར་མངོན་པར་བྱས་ཡོད།

དཔེ་སྟོན་གྲོང་ཁྱེར་གཏོད་པའི་མཛུབ་ཁྲིད་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པར་སྔར་བས་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཟབ་ཏུ་བཏང་བ་དང་། དཔེ་སྟོན་ཚོད་ལྟ་གྲོང་ཁྱེར་ཡོངས་ཀྱི་གཏོད་འཛུགས་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་དང་སྲ་བརྟན་དུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་ཏན་ཏིག་གཏོད་པ། གྲོང་ཁྱེར་གཏོད་འཛུགས་གཞུང་ལས་ཁང་གིས་གཏོད་འཛུགས་དཔྱད་འདེམས་བྱེད་ཐབས་གཞིར་བཟུང་རྫོང་དང་། ཆུས། དེ་བཞིན་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པར་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག་དཔེ་སྟོན(ཚོད་ལྟ)ཚན་པ11དང་། དཔེ་སྟོན(ཚོད་ལྟ)ཤང་གྲོང22 དཔེ་སྟོན(ཚོད་ལྟ)གྲོང་ཚོ(གྲོང་ལྷན)33 དཔེ་སྟོན(ཚོད་ལྟ)དཔུང་སྡེ4 དཔེ་སྟོན(ཚོད་ལྟ)སློབ་གྲྭ7 དཔེ་སྟོན(ཚོད་ལྟ)ཁེ་ལས8 དཔེ་སྟོན(ཚོད་ལྟ)དགོན་སྡེ་5བཅས་བསྐྲུན་པ་རེད། དེ་དང་ཆབས་ཅིག་རྫོང་དང་ཆུས11དུས་མཚུངས་སུ་དཔེ་སྟོན་རྫོང་དང་ཆུས་སུ་བསྐྲུན་པ་དེས་གཏོད་འཛུགས་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཏེ་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པར་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་ཡོད།

“རིམ་པ་ཁག་དང་སྡེ་ཚན་ཁག་གི་གཞོགས་འདེགས་འོག མིག་སྔར་ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་དུས་མཚམས་རང་བཞིན་གྱི་ལས་དོན་ལེགས་གྲུབ་ཟིན་ཡོད། སླད་ཕྱིན་ང་ཚོས‘གཏོད་འཛུགས་ལ་ཚར་དུས་མེད་པའི’བསམ་བློར་ནན་པོ་གཞིགས་ཏེ་བསམ་བློའི་ཐད་བསྐྱར་དུ་མཐོང་ཆེན་དང་། ངོས་འཛིན་བསྐྱར་དུ་མཐོར་གཏོང་། བྱ་སྤྱོད་བསྐྱར་དུ་དོན་འཁྱོལ། ནུས་ཤུགས་བསྐྱར་དུ་ཆེར་གཏོང་བཅས་བྱས་ཏེ་ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས‘མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་སྤྲོ’བཅས་ཀྱི་ཞི་མཐུན་གྱི་ནག་ཆུ་སྐྲུན་གྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།