ལྷོ་ཁ་གྲོང་ཁྱེར་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་གི་དཔེ་སྟོན་སྐོར་སྐྱོད་འགྲེམས་སྟོན་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། “གུང་ཁྲན་ཏང་གི་དྲིན་ཚོར་བ་དང་དུས་རབས་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད”ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་བཏང་བའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོའི་ས་ཚིགས་དང་པོའི་དཔེ་སྟོན་སྐོར་སྐྱོད་འགྲེམས་སྟོན་ལྷོ་ཁ་གྲོང་ཁྱེར་དུ་གཉེར་ཞིང་། ལྗོངས་ཡོངས་ཀྱི་གྲོང(ས་ཁུལ)ཨུད་བདུན་གྱི་དྲིལ་བསྒྲགས་པུའི་འགན་ཁུར་བ་དང་ལྷོ་ཁ་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་དང་། ཞིང་འབྲོག་མང་ཚོགས། སློབ་གྲྭའི་དགེ་སློབ། དགོན་སྡེའི་གྲྭ་བཙུན་སོགས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་སྐོར་སྐྱོད་འགྲེམས་སྟོན་ལ་བལྟས་པ་རེད།

ལྟ་སྐོར་བྱེད་རིང་ཚང་མས་འགྲེམས་པང་རེ་རེ་བཞིན་ལ་ཞིབ་ཕྲ་ལྟ་བ་དང་འགྲེལ་བཤད་ཡག་པོ་ཉན་པ་མ་ཟད། ད་དུང་ལག་ཐོགས་ཁ་པར་ཁྱེར་ནས་པར་རྒྱག་གི་ཡོད། “འགྲེམས་པང་གི་ནང་དོན་མི་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་འདུག དེར་བལྟས་རྗེས་སེམས་འགུལ་ཟབ་མོ་ཐེབས་བྱུང་། ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས་ལས་གནས་དང་བྲལ་ཡང་ཏང་དང་མི་འབྲལ་བ་དང་། རྒན་ཡོལ་ཞུས་ཀྱང་ཏང་གི་ངོ་བོ་མི་འགྱུར་བའི་དད་སེམས་བརྟན་པོར་བཅངས་ཏེ་བུ་རབས་ཚ་རྒྱུད་ལ་སློབ་གསོ་བརྒྱབ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་གི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་པད་མ་རྡོ་རྗེས་བཤད་པ་རེད།

དེ་ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི“གུང་ཁྲན་ཏང་གི་དྲིན་ཚོར་བ་དང་དུས་རབས་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད”ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་རྩེད་ཐང་དུ་འཚོགས་པ་དང་གྲོང་ཁྱེར(ས་ཁུལ)བདུན་གྱི་དྲིལ་བསྒྲགས་པུའི་འགན་འཁུར་བས་སྤེལ་རེས་གཏམ་བཤད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།