ཀྲུང་གོའི་བོད་པའི་ཤོམ་གྱི་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8ཚེས་25ཉིན། ཀྲུང་གོའི་བོད་པའི་ཤོམ་སྐབས་གསུམ་པའི་བོད་ལྗོངས་འགྲན་ཁུལ་གྱི་འགྲན་བསྡུར་འགོ་བརྩམས་ཞིང་། འགྲན་ཞུགས་པས་བོད་ཀྱི་གནའ་དེང་གི་ཆས་གོས་གྱོན་པ་བརྒྱུད་ནས། དུས་རབས་གསར་པའི་བོད་རིགས་གཞོན་ནུ་ཚོའི་སྣང་བརྙན་ངོམས་ཡོད། འདེམས་བསྐོ་ལས་རྒྱལ་བའི་འགྲན་ཞུགས་པ་ནི་ཟླ་10ཚེས་22ཉིན་ཁྲེན་ཏུའུ་རུ་སྤེལ་བའི་རྟིང་རྩོད་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།