རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་23ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་དང་། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོཌ་ཐེངས་དང་པོའི་དགོངས་དོན་ལག་བསྟར།རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན། སླད་ཕྱིན་ལོ་ལྔའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོཌ་དང་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱས་ཡོད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་རེད། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་ཚོགས་མི་པུའི་རིམ་པ་དང་པོའི་སྐོར་གཟིགས་པ་ཀྲུའུ་ཀོ་ཕིང་ཕིང་གིས་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུའུ་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་གཙོ་བོ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

ཏིང་ཡེ་ཤན་གྱིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འཐུས་མི་རྣམ་པ་དང་ལྗོངས་ཡོངས་ཀྱི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཁྲིམས་རིག་ལྷན་ཚོགས་བཙུགས་ཚུན། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁྲིམས་རིག་པ་ཞིབ་འཇུག་དང་དར་རྒྱས་གཏོང་བ། ས་གནས་ཀྱི་ཁྲིམས་འཛུགས་ནང་ཞུགས་པ། ཁྲིམས་སྐྱོང་ལག་ལེན་ལ་ཞབས་འདེགས་ཞུ་བ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས་ཁྲིམས་རིག་ལྷན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་སྔ་ཕྱི་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་དགའ་ཞེན། ཁྲིམས་སྐྱོང་ལ་དད་མོས། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་དོན་དུ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྲིམས་བཞིན་རྒྱལ་སྐྱོང་དེ“ཕྱོགས་ཡོངས་བཞིའི”ཐབས་ཇུས་བཀོད་ཇུས་ནང་བཅུག་ནས་ཀྲུང་གོའི་ཁྲིམས་སྐྱོང་གི་དུས་རབས་གསར་པ་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་ལོ་རྒྱུས་ཀྱི་ལག་ལེན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བའི་རྨང་གཞིའི་ཐོག ཏང་གི་བོད་སྐྱོང་ཇུས་ཆེན་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས“ཁྲིམས་བཞིན་བོད་སྐྱོང”ཐོག་མ་བཏོན་གནང་བ་དང་། ཆབས་ཅིག་འདི་ཉིད་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་དོན་ཨང་དང་པོར་བརྩིས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཕུགས་བསམ་བློ་ལ་བརྟན་པོ་འཆང་བ། དམ་པ་དོན་གཉེར་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། རང་འགན་གཙང་སྒྲུབ་ཀྱིས་བྱས་རྗེས་ཧུར་ཐག་འཇོག་པ། “སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་མཁན་ཧུར་ཐག་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་མཁན་ཧུར་ཐག་བྱེད་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་མཁན་ཧུར་ཐག་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ལེགས་སྐྱེས་པ་ཞིག་ཧུར་ཐག་བྱེད་པ། མི་དམངས་ཀྱི་ཁེ་དབང་འགན་ལེན་བྱེད་མཁན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་དང་ཕྱོགས་ཡོངས་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་བའི་རླབས་ཆེའི་ལག་ལེན་ནང་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།