དེང་གི་སྐྱ་དམག་པའི་བདེ་སྐྱིད་ཀྱི་འཚོ་བ།

༡.png

འདི་ནི་ཟླ8ཚེས22ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བ་ཕུར་བུ་ཆོས་འཛིན་གྱིས་མཉམ་ལས་ཁང་དུ་འཁལ་འཐག་ལས་ཀ་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཏ་མན”ཞེས་པ་བོད་ཡིག་གི་ནང་དུ“སྐྱ་དམག”ཞེས་པའི་དོན་ཡིན། སྐྱ་དམག་བ་ནི་ཆིང་རྒྱལ་རབས་ཀྱི་དུས་སུ་མཐའ་མཚམས་ས་ཁུལ་གྱི་གོར་ཁ་སི་དང་ཀྲུང་གོ་དང་བལ་ཡུལ་མཐའ་མཚམས་ཀྱི་ཡུལ་མིའི་གདུང་རྒྱུད་ཡིན་པ་དང་ད་བར་ལོ་ངོ་བརྒྱ་ལྷག་ཙམ་འགོར་ཡོད། རྒྱལ་ཁོངས་མེད་པའི་དབང་གིས་ སྐྱ་དམག་བའི་མི་ལ་ས་ཞིང་དང་སྡོད་ཁང་མེད་ལ།  རྒྱུན་པར་ཡུལ་འཁྱར་གྱི་འཚོ་བ་རོལ་བཞིན་ཡོད། 2003ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐྱ་དམག་བ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་ནས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྤྱི་དམངས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། མིག་སྔར། བོད་ལྗོངས་ཀྱི་མངའ་ཁོངས་སུ་སྡོད་པའི་སྐྱ་དམག་བའི་དུད་ཚང58དང་མི195ཡོད་པ་དང་། གཙོ་བོ་ཡུལ་སྐོར་དང་། ནགས་ཁྲོད་དཔལ་འབྱོར། ངལ་ལས་སོགས་ཀྱི་ལས་ཀ་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་ཡང་ལེན་གྱིན་ཡོད་པས་ས་གནས་དེ་གའི་མི་རེའི་ལོ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར12000སླེབས་ཡོད།  སྐྱ་དམག་བའི་བྱིས་པ་སློབ་ཞུགས་བྱེད་པའི་ཚད་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་ཚད100%ཟིན་ཡོད་པ་རེད། 

untitled.png

འདི་ནི་ཟླ8ཚེས22ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བ་བཀྲ་ཤིས་དོན་གྲུབ་ཀྱིས་གསོ་སྦྱོང་བྱེད་བཞིན་པའི་ཚུལ་རེད།

༣.png

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བའི་བུད་མེད་ཚོ་རེད།

༤.png

འདི་ནི་ཟླ8ཚེས22ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བས་སྡོད་ཁང་གསར་བའི་མདུན་དུ་སྐོར་བྲོ་འཁྲབ་བཞིན་པའི་ཚུལ་རེད། 

༥.png

འདི་ནི་ཟླ8ཚེས22ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བས་སྡོད་ཁང་གསར་བའི་མདུན་དུ་སྐོར་བྲོ་འཁྲབ་བཞིན་པའི་ཚུལ་རེད། 

༦.png

འདི་ནི་ཟླ8ཚེས22ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་སྐྱ་དམག་བའི་ཕྲུ་གུ་ཡིས་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་པའི་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།