ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གོས་རྒྱན་འདི་མཐོང་མྱོང་ངམ།

1.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་རྒན་མོ་ཞིག་གིས་འཕུར་གོས་ལེགས་པར་སྤྲས།

3.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད་ཞིག་གིས་འཕུར་གོས་ལེགས་པར་སྤྲས་ནས་སྐུ་མགྲོན་ལ་མཆོད་ཆང་འདེགས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་དམིག་བསལ་ཁྱད་ཆོས་ལྡན་པའི་གོས་རྒྱན་ཏེ། སྤུ་ཧྲེང་གི་འཕུར་གོས་དུས་ད་ལྟའང་ང་ཚོས་མིག་ལམ་དུ་མཐོང་རྒྱུ་ཡོད། སྤུ་ཧྲེང་གི་འཕུར་གོས་ལ་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། དེའི་གྲས་སུ་མཛེས་ཤོས་དང་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་བུད་མེད་ཀྱི་འཕུར་གོས་རེད། སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་དུད་ཚང་བདུན་གྱིས་ཕ་མེས་ནས་ལོ་ངོ་བརྒྱ་ཕྲག་ལ་རྒྱུན་འཛིན་བྱས་པའི་འཕུར་གོས་ཆ་ཚང་བདུན་ཉར་ཚགས་བྱས་ཡོད། དེའི་ལྗིད་ཚད་ལ་སྤྱི་རྒྱ་25ཡོད་ལ། གསེར་དང་། དངུལ། གཡུ། གཟི། བྱུ་རུ། མུ་ཏིག་སོགས་རིན་ཆེན་ནོར་བུས་རྒྱན་པ་དང་གོས་རྒྱན་འདི་དག་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། 

2.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད་ཞིག་གིས་འཕུར་གོས་ལེགས་པར་སྤྲས་པ། 

4.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད་ཚོས་འཕུར་གོས་སྤྲས་བཞིན་པ།

5.jpg

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད་ཀྱིས་འཕུར་གོས་ལེགས་པར་སྤྲས་ནས་འདུ་འཛོམས་ལ་ཞུགས་པ།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།