ཟླ་དང་པོ་ནས་བདུན་པའི་བར་བོད་ལྗོངས་ཀྱིས་ནགས་སྐྲུན་མུའུ་ཁྲི70.56བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་ཀྱིས་ནགས་སྐྲུན་མུའུ་ཁྲི70.56བྱས་ནས་ལོ་འཁོར་ནང་ནགས་སྐྲུན་མུའུ་ཁྲི127.2བྱེད་པའི་འཆར་གཞི་ནས55.47%ལེགས་འགྲུབ་བྱུང་ཡོད།

ལོ་སྟོད་དུ་ལྗོངས་ཡོངས་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ212དང་ལྗོན་ཤིང་མེད་པའི་དུད་ཚང་ཁྲི1.88ལ་ལྗོན་ཤིང་བཙུགས་པ་དེ་ཐོག་ནས་ལྗོན་ཤིང་མེད་པའི་གྲོང་ཚོ1079དང་ལྗོན་ཤིང་མེད་པའི་དུད་ཚང་ཁྲི10.47ལ་ལྗོན་ཤིང་འཛུགས་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་མཚོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།