ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར149.36ཟིན་པ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་སྦྲགས། ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1340.97ལ་སྣེ་ལེན་ཞུས་པར་དུས་མཚུངས་ལས20.2%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར149.36ཟིན་ནས་དུས་མཚུངས་ལས19.8%འཕར་བ་རེད། 

ད་ལོར་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས“སྤུས་ལེགས་དང་། ས་ཁོངས་ཧྲིལ་པོ། དུས་ཚིགས”བཅས་ཀྱི་འཕེལ་རྒྱས་གཙོ་རྐང་དུ་བྱེད་པ་དང“སའི་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་དམིགས་པ་དང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”འཕེལ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། ལྷ་ས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དང་ཉིང་ཁྲི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ། གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བཅས་ཀྱི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།