ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོའི་ལས་བྱེད་པའི“སྐད་གཉིས”ཆུ་ཚད་མཐོ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིག་གནས་ཡོད་པ་དང་ཆ་འཇོག་བྱེད་པ། འབྲེལ་གཏུག་ལ་མཁས་པ། སྤེལ་རེས་ལ་དགའ་བ་བཅས་ཀྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་དཔུང་ཁག་ཅིག་གཏོད་ཆེད། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི“སྐད་གཉིས”ཀྱི་འབྲེལ་གཏུག་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མང་ཚོགས་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་བཏང་བ་རེད།

གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་འགན་གཙང་ལས་བྱེད་པ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཆ་སྒྲིག་བྱས་ཏེ། “གཅིག་གཏད་གཅིག”གི་ཟུར་ཁྲིད་བྱས་ནས། ཁོང་ཚོར་རང་སྦྱོང་གི་སྐབས་སུ་འཕྲད་པའི་དོགས་གནད་དང་དཀའ་གནད་སེལ་རོགས་བྱས་པ་རེད།

“སྐད་གཉིས”སློབ་སྦྱོང་བྱེད་རྒྱ་ཆེ་རུ་བཏང་ནས་དེ་བས་ཡག་པའི་སློབ་སྦྱོང་གི་ཁོར་ཡུག་གཏོད་ཆེད། ཀོང་པོ་རྒྱ་མདའ་རྫོང་གིས་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་གཅིག་སྡུད་ཐོག་གསོ་སྦྱོང་བྱས་པ་མ་ཟད། གྲོང་ཚོའི(གྲོང་ལྷན)རྗེས་གྲབས་ལས་བྱེད་པ་དང་ཏང་ཡོན། གཉིས་ལྡན་དུད་སྦྲེལ་སྤྱི་མི། ཕྱུག་འགྱུར་འཇོན་ཐང་ཅན་སོགས་གསོ་སྦྱོང་གི་ཁྱབ་ཁོངས་སུ་བཅུག་པ་རེད། ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་སློབ་ཁྲིད་དགེ་རྒན་གྱི་འགན་ཁུར་བ་དང་། བོད་ཡིག་འབྲི་སྟངས་དང་རྒྱ་སྐད་ཀྱི་རྨང་གཞིའི་ཁ་སྐད་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བྱས་པ་དང་། རྒྱུན་མཁོའི་བོད་ཡིག་གི་ངོ་སྤྲོད་དང་ཞུ་ཡིག་སོགས་པའི་ཡིག་ཆ་སྟབས་བདེ་འབྲི་སྟངས་ལག་ལེན་དམར་ཁྲིད་བྱས་ནས། སློབ་ཁྲིད་ཀྱི་ནང་དོན་རྣམས་དུས་ཐོག་དང་སྤུས་ཚད་ལྡན་པའི་ངང་ཁྲིད་ཐུབ་པ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།