ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང་དང་ཤང་རིམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་གསོ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སྔར་བས་སྒྱུར་བཅོས་གཏིང་ཟབ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་གཞི་རྩའི་བྱང་ཚད་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་ཆུས་དང་ཤང་གྲོང་རྡལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཚོད་ཉིན་ལྔ་ཡིན་པ་དང་། གསོ་སྦྱོང་གི་ནང་དོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྒྱུར་བཅོས་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ། སྨྱན་སྦྱོར་གསར་པ་དང་དེ་བཞིན་དྲ་རྒྱའི་བདེ་འཇགས་སོགས་དང་འབྲེལ་བ་ཡོད་ཅིང་། སློབ་ཚན་ཁྲིད་པ་དང་། ས་ཆ་དངོས་སུ་ལྟ་སྐོར་སློབ་ཁྲིད། སློབ་མའི་བསམ་ཕྱོགས་སྤེལ་རེས་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱོད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།