​ཏང་དར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་དང་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ནི་པ་སྣམ་རྫོང་གྲོང་དུ་གནས་ཤིང་། གྲོང་རྡལ་ཡོངས་སུ་ཏང་ཀྲི་པུའུ་22དང་ཞིང་འབྲོག་པ་ཏང་ཡོན་464ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱིས་ས་ཁུལ་གྱི་ལེགས་ཆར་དམ་པོར་དམིགས་ནས་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་འཛུགས་ཀྱི་ཐོན་ཁུངས་དབུལ་སྒྲོལ་གྱི་ཐོན་ཁུངས་ལ་འགྱུར་བ་དང་རྩ་འཛུགས་ཀྱི་ལེགས་ཆ་དབུལ་སྒྲོལ་གྱི་ལེགས་ཆར་འགྱུར་བ་བྱས་ནས། གཡས་གཡོན་གྱི་དོ་དམ་རིམ་པ་གསལ་བ་དང་གོང་འོག་གི་རྩ་འཛུགས་ནུས་ལྡན་ཁྱབ་པའི་དྲ་མིག་ཅན་གྱི་དོ་དམ་མ་ལག་རིམ་བཞིན་ཆགས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་ལས་ཐོན་ལས་སྣུར་བསྲིང་བྱ་རྒྱུར་དེ་བས་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

“སྲོག་ཤིང”གི་ནུས་པ་ཆེ་རུ་བཏང་བ།

2018ལོར། པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་གྱིས་གོང་རིམ་གྱི་བླང་བྱར་ནན་པོ་གཞིགས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་རང་འགུལ་ངང་ཧུར་ཐག་སྤེལ་ཞིང་། མིག་སྔའི་བར་དམ་འབྱོར་གྲོང་ཚོ་དང་། ལྕོག་རོ་གྲོང་ཚོ། ནོར་ཁྱུང་གྲོང་ཚོ་བཅས་ཀྱི་གྲོང་ཚོ་ཨུ་ལྷན་འཛུགས་སྐྲུན་བྱས་ནས་སྤྱོད་འགོ་ཚུགས་པ་རེད།

2019ལོར། ཤང་ཡོངས་ཀྱི་ཏང་ཀྲི་པུའུ་ཁ་ཐོར་དུ་གནས་པ་དང་འགན་ནུས་ཆ་མིན་པ་སོགས་ཀྱི་དོན་དངོས་ལ་གཞིགས་ནས་ནོར་ཁྱུང་གྲོང་རྡལ་གྱིས་ཡུལ་བབ་དང་བསྟུན་ཏེ་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་སྟབས་བསྟུན་སྣ་མང་གི་བྱ་ཐབས་དང་ཐབས་ཤེས་སྤྱད་པ་དང་། གཅིག་སྡུད་དང་། ཁ་ཐོར། རང་ངོས་བཅས་ཀྱི་སློབ་གསོ་གཏོང་སྟངས་ཟུང་དུ་འབྲེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚོགས་འདུ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། ཞིང་ནང་མུ་ཁ་སོགས་ཀྱི་ས་ཆ་དང་གོ་སྐབས་སྟབས་བསྟུན་ངང་སྤྱད་ཅིང་ཏང་ཀྲི་པུའུ་ཁག་གི་དོན་དངོས་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། ཁྱད་ལྡན་སློབ་གསོ་གསོ་སྦྱོང་བྱས་ཏེ་ཞིང་འབྲོག་ཏང་ཡོན་གྱི་ཡོང་འབབ་མང་དུ་དང་བསམ་བློ་ཕུན་སུམ་ཚོགས་པོ་ཡོང་བའི་འགན་ལེན་བྱས་ཡོད།

“རྐང་འཛིན་པ”བརྟན་པོ་བཙུགས་པ།

གྲོང་གསེབ་དར་རྒྱས་ཡོང་བར་ངེས་པར་དུ་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། སྟོབས་ཆེའི་རྩ་འཛུགས་ཡོད་དགོས་པ་མ་ཟད། ད་དུང་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱང་ཡོད་ཚེ། གཞི་ནས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཕྱུག་པོའི་ལམ་དུ་སྐྱོད་ཐུབ།

པ་སྣམ་རྫོང་ཕྱག་དྲུག་བསླས་འཐག་བཟོ་གྲྭར་སྐྱོད་སྐབས། སྙན་ཞིང་འཇེབས་པའི་འཐག་སྒྲ་ཐོས་པ་དང་། སྒོ་རའི་ནང་མི་འགའ་ཞིག་གིས་བལ་སྐུད་འཁེལ་བ་དང་། འགའ་ཞིག་གིས་ཚོས་རྒྱག་པ། འགའ་ཞིག་གིས་འཐག་ལས་བྱེད་བཞིན་པ་སོགས་རང་རང་གི་ལས་ཀ་ཧུར་ཐག་བྱེད་བཞིན་འདུག

མིག་སྔར། ཕྱག་དྲུག་བསླས་འཐག་བཟོ་གྲྭས་རིགས་ཁག་གི་མི་རིགས་ལག་ཤེས་བཟོ་རྩལ་ཁག་10ཙམ་ལས་སྣོན་ཐོན་སྐྱེད་བྱས་ནས། སྲོལ་རྒྱུན་གྱི་ཁྱིམ་ཚང་ལག་ཤེས་ཐོན་སྐྱེད་ནས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བར་འཕེལ་རྒྱས་བྱུང་བ་དང་། ཡུན་རིང་ལས་མི་བྱེད་པའི་མི་45(ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་17)ཡོད་པ་དང་མི་རེར་ཆ་སྙོམས་ཟླ་རེར་གླ་ཆ་སྒོར་4500ཡོད། གྲོང་གསེབ་ཀྱི་བུད་མེད་དང་། ལོ་ན་མཐོ་ལ་གཟུཌ་པོ་ཡག་པོ་མེད་པ་དང་དབང་པོ་སྐྱོན་ཅན་བཅས་ལས་ཞུགས་མི་གྲངས་308(ཡིག་ཚགས་དང་གཱ་བཟོས་པའི་མང་ཚོཌ་དབུལ་པོ་97)ཡོད་པར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4000ཡན་ཡོང་བའི་སྐུལ་ཁྲིད་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ནོར་ཁྱུང་གྲོང་རྡལ་དུ་སྔོ་ཚལ་དྲོད་ཁང་ཆེ་མོ་500ལྷག་ཙམ་ཡོད་པའི་ནང་ཡུག་སྦྲེལ་དྲོད་ཁང་71ཡོད་པ་དེར་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་370.83ཟིན་ནས་མི་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་1592མང་དུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་33གྱི་མི་124ལ་ཕན་པ་ཐོབ་ཡོད།

“གསོན་ཤུགས”འཕེལ་བར་བྱས་པ།

2017ལོའི་ཟླ་11པར། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་དང་གྲོང་མིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པ་བརྒྱུད། ནོར་ཁྱུང་གྲོང་རྡལ་རྩྭ་ཁ་གྲོང་ཚོའི་ཅོན་ཧྲན་ཕྱུགས་རིགས་གསོ་སྤེལ་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་80ལྷག་ཙམ་དེའི་ནང་ཞུགས་པ་རེད།

མིག་སྔའི་བར། ནོར་ཁྱུང་གྲོང་རྡལ་དུ་བསྡོམས་མཉམ་སྡེབ་དཔལ་འབྱོར་དངོས་ཚན་23ཡོད་པ་དེ་དག་གིས་ལོ་རེར་ཆ་སྙོམས་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་མང་དུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་། ནོར་ཁྱུང་གྲོང་རྡལ་ལྕོག་རོ་གྲོང་ཚོས་ཇོ་མོ་གླང་མའི་སྐྱེ་ལྡན་དངོས་མང་ཚན་རྩལ་གླིང་དང་ཀྲུང་ནུང་གནས་མཆོག་སྔོ་ཚལ་ཐོན་ལས་གླིང་ལ་ས་ཆ་མུའུ་1527.1བརྒྱུད་བཤུག་བཏང་ནས་མུའུ་རེར་ལོ་རེར་བོགས་དངུལ་སྒོར་2000བླངས་པ་དང་། པ་སྣམ་རྫོང་སྔོ་ཚལ་ཀུང་སིས་ས་ཆ་མུའུ་245བརྒྱུད་བཤུག་བཏང་ནས་མུའུ་རེར་ལོ་རེར་བོགས་དངུལ་སྒོར་900བླངས་ཡོད། ས་ཆ་བརྒྱུད་བཤུག་བཏང་བ་བརྒྱུད། གྲོང་ཚོའི་ཐོན་སྐྱེད་ནུས་ཤུགས་ལ་སྔར་བས་བཅིངས་འགྲོལ་ཐོབ་ནས་རྒྱ་ཆེའི་མང་ཚོགས་ཐོན་ལས་གླིང་དུ་ལས་ཞུཌ་ཐུབ་རྒྱུར་ལྕག་སྐུལ་བྱས་པ་དང་། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུཌ་གཞན་སྒྱུར་གྱི་གནད་དོན་ཐག་གཅོད་ཐུབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།