ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་མང་ཚོགས་ཀྱི་འཐུང་ཆུ་དང་གློག་གི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ལོ་ལྔའི་ཚན་བཅུ་གསུམ་པའི”རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་8227.667བཏང་བ་དང་། ཆུས་ཀྱི་ས་ཁམས་ཆགས་ཚུལ་མི་འདྲ་བ་དང་། ཆུ་འགོའི་ཆ་རྐྱེན་མི་འདྲ་བ། གནམ་གཤིས་མི་འདྲ་བ་བཅས་ལ་གཞིགས་ཏེ། “གནས་གཅིག་ལ་ཇུས་གཞི་གཅིག”བཟོས་པ། “སྣེ་གཉིས་དྲོ་པོ་དང་། བར་རྒྱུད་གཏིང་རིང་བ། ཤར་གཏོང་འགན་ལེན། གནད་འཁེལ་དོ་དམ”བཅས་ཀྱི་ཆུ་མཁོ་འདོན་གྱི་རྩ་དོན་གཞིར་བཟུང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭ་ལག་བསྟར་བྱས་ཡོད། ས་འོག་ཆུ་ཕུན་སུམ་ཚོགས་རུང་དགུན་དུས་སུ་རྒྱུན་གཏན་ལྟར་ཆུ་ཤར་གཏོང་མི་ཐུབ་པའི་ཤང(གྲོང་རྡལ)དང་། གྲོང་ཚོ(གྲོང་ལྷན) སློབ་གྲྭ་བཅས་ཀྱི་འཐུང་ཆུའི་ལས་གྲྭ་ལག་བསྟར་བྱེད་རིང་། ཁྲོན་པ་གཏིང་རིང་པོ་དྲུས་ནས་ཆུ་མཁོ་འདོན་བྱེད་སྟངས་བརྒྱུད་ཞིང་འབྲོག་མང་ཚོགས་དང་། གཞི་རིམ་གྱི་ལས་བྱེད་པ། སློབ་གྲྭའི་དགེ་སློབ་བཅས་ཁྲི་3.4ལྷག་ཙམ་གྱི་འཐུང་ཆུ་འགན་ལེན་ནུས་ལྡན་བྱས་ཡོད།

ཞིང་ཆུ་འདྲེན་པའི་ཐད། ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་5512.78བཏང་སྟེ། ཞིང་ནང་ཆུ་བེད་ཆུ་འདྲེན་ལས་གྲྭ་ལག་བསྟར་བྱས་པས། ཁོངས་གཏོགས་ཁུལ་གྱི་ཞིང་ཁར་ཆུ་འདྲེན་ཁྱོན་མུའུ་6079ཟིན་པ་དང་། ཞིང་ནང་དུ་ཆུ་འདྲེན་ཁྱོན་མུའུ་4273ཆེ་རུ་སོང་བས་མང་ཚོགས་དུད་ཚང་2100ལྷག་ཙམ་གྱི་མི་ཁྲི་1.2ལ་ཕན་པ་ཐོབ་ཡོད།

ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་ཆེད། ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་1322བཏང་སྟེ་ཐོ་པ་ཤང་ཐོ་པ་གྲོང་ཚོའི་ཐོ་ཆུའི་ཆུ་རགས་ཉམས་གསོ་སྲ་བརྟན་དང་ཁ་རུབ་ཆུས་ཀྱི་ར་ཆུའི་ཆུ་ལོག་སྔོན་འགོག་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་མང་ཚོགས་དང་། གཞི་རིམ་གྱི་ལས་བྱེད་པ། དགེ་སློབ་བཅས་ཁྲི་6.3ལྷག་ཙམ་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།

ཆན་ཧྥུའུ་10ཡི་སྒྲིག་སྦྱོར་གློག་གནོན་སྒྱུར་ཆས་193བཙུགས་པ་དང་། དུད་ཚང་3037ལ་ཆུ་ཚོད་བསྒར་བ། དུད་ཚང་ཁྲི་1.07གྱི་ཆུ་ཚོད་སྒྱུར་བཀོད་བྱས་པས། མང་ཚོགས་ཁྲི་11.06ཙམ་ལ་ཕན་པ་ཐོབ་ནས་གྲོང་ཚོའི་གློག་གཏོང་གི“མཐའ་མའི་འགག་གནད”ཐག་གཅོད་ནུས་ལྡན་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།