ལོ་སྟོད་དུ་བོད་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་འཁོར་རྒྱུག་བཀོད་གཏོང་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་རིང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཆ་འཕྲིན་ཁོངས་གཏོགས་དང་རྒྱ་ཆེའི་ཁེ་ལས་ཀྱིས་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་ཧུར་ཐག་བཅག་པས། བཟོ་ལས་དཔལ་འབྱོར་དང་། གྲངས་འཛིན་དཔལ་འབྱོར། ཆ་འཕྲིན་ཅན་འཛུགས་སྐྲུན་བཅས་སྤྱི་ཡོངས་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་འཁྱོངས་ཐུབ་ཡོད།

བཟོ་ལས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་བ། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་5.1%འཕར་ནས། ཟླ་རེར་བརྟན་པོ་འཕར་ཚུལ་མངོན་པ་དང་། ལས་རིགས་གཙོ་བོའི་འཕར་ཚད་རིམ་བཞིན་སླར་གསོ་བྱུང་བ། ཐོན་རྫས་གཙོ་བོའི་ཐོན་འབོར་འཕར་མང་ལ་ཆག་ཉུང་བ། བཟོ་ལས་ཐོན་རྫས་ཀྱི་འབྲེལ་མཐུད་ཅུང་ལེགས་པ། གྲོང་ཁྱེར་དང་ས་ཁུལ་གྱི་བཟོ་ལས་དཔལ་འབྱོར་མང་ཆེ་བ་འཕར་བ་རེད།

ཆ་འཕྲིན་ཅན་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་པ། རང་སྐྱོང་ལྗོངས་ཆ་འཕྲིན་ཅན་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་བཙུགས་པ་དང་། རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་རྨང་གཞིའི་སྤྲིན་སྟེགས་སྤྱིར་ན་བསྐྲུན་ཟིན་ནས་བཀོལ་སྤྱོད་མ་ལག་30ཙམ་སྤྱོད་འགོ་ཚུགས་པ། གློག་རྡུལ་སྲིད་དོན་དྲ་བ(དུས་བཀག་གཉིས་པ)སྣུར་སྲིང་འཛུགས་སྐྲུན་བྱས་ནས་ས་ཚིགས་2569དང་སྦྲེལ་མཐུད་ཐུབ་ཡོད།

གྲངས་འཛིན་དཔལ་འབྱོར་གྱི་འགོ་འཛུགས་ས་མགྱོགས་སུ་ཕྱིན་པ། གྲོང་ཁྱེར་དང་ས་ཁུལ་ཁག་གིས་གྲངས་གཞི་ཆེན་པོའི་འཕེལ་རྒྱས་དོ་དམ་ཅུས་བཙུགས་ནས། ལས་རིགས་དོ་དམ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོང་ཚང་དུ་བཏང་བ་དང་། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་འཁོར་རྒྱུག་ཡག་པོ་ཡོད། གློག་རྡུལ་ཚོང་དོན་འདུ་འགོད་སྤྱིར་ན་བསྐྲུན་ཟིན་པ་མ་ཟད། འཁོར་སྐྱོད་བརྟན་པོ་བྱུང་ནས། ལོ་སྟོད་དུ་ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་84.8ཟིན་ཡོད། གྲངས་འཛིན་ལག་རྩལ་མཉམ་འདྲེས་བཀོལ་སྤྱོད་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། མཐོ་བརྩོན་ཨར་སྐྲུན་རྒྱུ་ཆའི“ཅི་ལི་ལུའེ་རིག་ལྡན་བཟོ་གྲྭའི”IAPཡི་ཇུས་གཞི་2019ལོའི་བཟོ་ལས་དྲ་སྦྲེལ་ཐོན་ལས་མནའ་འབྲེལ་གྱི་ཕུལ་བྱུང་གྱོད་དཔེར་བདམས་པ་རེད།

འདི་ལོ་ཚུན་དུ་གྲོང་ཁྱེར་དང་ས་ཁུལ་ཁག་གི་དཔལ་འབྱོར་ལས་དོན་གྱི་བཀྲག་མདངས་འཚེར་ས་མང་བ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལོ་སྟོད་རིང་འབྲེལ་གཏུག་མ་འཇོག་ཁེ་ལས་105ཟིན་པ་དང་། ཐོ་འགོད་བྱས་ནས་འགྲོ་ལུགས་གཉེར་མཁན་གྱི་ཁེ་ལས་60ཟིན་ཞིང་། དེའི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་9.03ཟིན་ཡོད། གླིང་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་བས་གཏིང་ཤུགས་ཆེན་པོ་ལྡན་ཡོད། ཉིང་ཁྲིའི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་20.5%ཟིན་པ་དང་། འཕར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མངའ་རིས་ས་ཁུལ་གྱིས་རིམ་པ་དེ་གའི་ནོར་སྲིད་ལ་བརྟེན་ནས་སྒོར་ཁྲི་100ཡི་ཁེ་ལས་འབྲིང་ཆུང་གི་རོགས་སྐྱོར་མ་དངུལ་བཙུགས་ནས། ཁེ་ལས་ཀྱི་དཀའ་ངལ་དང་ཉེན་ཁ་སེལ་རོགས་བྱེད་ཀྱི་ཡོད་པས། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།