གནས་སྤོས་དུད་ཚང་བློ་དགའི་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ།

138325890_1566358475238_title0h.jpg

“སྲིད་གཞུང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོའི་དྲིན་ལས། ཁང་པ་གསར་པར་སྤོ་རྒྱུ་བྱུང་བས། ང་རང་སེམས་འགུལ་ཐེབས་ཐག་ཆོད་ནས་གཟའ་འཁོར་གཅིག་རིང་གཉིད་མ་ཁུག་པར། ཉིན་ལྟར་ཉལ་ཁྲིའི་སྟེང་དུ་ཉལ་མ་བསྙེས་ཀྱིས་ཁང་པ་གསར་པར་ལྟ་བཞིན་འདི་དངོས་འབྲེལ་ཡིན་པར་ཡིད་མ་ཆེས་པ་ཡོང་གི་འདུག འདི་དག་ཚང་མ་རྨི་ལམ་རང་རེད”ཅེས་ད་ཆ་གཙང་སྦྲ་དོད་ལ་དཀར་ཆ་དོད་པའི་ཁང་པ་ཉིས་ཐོག་ཏུ་སྡོད་བཞིན་པའི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་འགམ་ཡར་གྲོང་ཚོའི་བློ་དགས་བརྗོད།

བློ་དགའི་ཁྱིམ་གྱི་ཁང་པ་གསར་པ་ལྷོ་རོང་རྫོང་གི་རྫོང་གྲོང་ཤར་ངོས་ཀྱི་ཨ་ཐོག་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་དུ་ཡོད་པ་དེ་རྫོང་ཡོངས་ཀྱི་བཀོད་སྒྲིག་ཁུལ་ཆེ་ཤོས་རེད། ལྷོ་རོང་རྫོང་གི་ཤང(གྲོང་རྡལ)ཁག་གི་ཤིན་ཏུ་དབུལ་པོའི་རང་བྱུང་གྲོང་ཚོ་དང་འབྲོག་དུད་312ཀྱི་གྲོང་མི་གནས་དེར་སྤོས་ཡོད།

“ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། རྫོང་གྲོང་དང་བར་ཐག་ཀྱང་ཉེ་བས། ལས་ཞུགས་གནད་དོན་སེལ་ཐུབ་སོང་། དེ་སྔ་གླ་པ་རྒྱུག་པར་སྟབས་བདེ་པོ་མེད། སྦག་སྦག་བཞོན་ནས་ལམ་ཐག་སྤྱི་ལེ་ཉི་ཤུ་སུམ་ཅུའི་སར་སྐྱོད་དགོས་ཀྱི་ཡོད། ད་ཆ་རྫོང་གྲོང་གི་ཉེ་འཁོར་དུ་འཚོ་སྡོད་བྱེད་ཀྱི་ཡོད་པས། ལས་ཞུགས་ཀྱི་གོ་སྐབས་མང་དུ་ཕྱིན་པ་མ་ཟད། སྟབས་ཀྱང་བདེ་པོ་འདུག”ཅེས་བློ་དགས་བརྗོད།

མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། ལྷོ་རོང་རྫོང་གིས་ཆེད་མངགས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་མ་བྱན་དང་། སྔོག་འཕྲུལ། ཚོན་པ། ཉམས་བཟོ། གློག་བཟོ་བ། ཤིང་བཟོ་བ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ་རེད། ཤིང་བཟོ་བ་བྱེད་འདོད་ཡོད་པས། ན་ནིང་བློ་དགའ་རྫོང་གིས་སྒྲིག་འཛུགས་བྱས་པའི་ཤིང་བཟོའི་གསོ་སྦྱོང་ལ་ཞུགས།

དེས་མ་ཟད། ཨ་ཐོག་ཁ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། ཚོང་སྒྱུར་ཁང་པའི་རྣམ་གྲངས་བཅས་ཕྱོགས་བསྡུས་ལག་ལེན་བསྟར་བ་དང་ཟུང་འབྲེལ་བྱས་ནས། ཐོན་ལས་རྣམ་གྲངས་བཅུ་ལྷན་སྦྱར་བྱས་པ་མ་ཟད། ད་དུང་ཁྲོམ་གཞུང་རྒྱུད་དུ་ཚོང་ཁང་238བསྐྲུན་ཏེ། གནས་སྤོས་དུད་ཚང་གི་མཉམ་སྡེབ་ཐོན་ལས་སུ་བརྩིས་ཐོག་ཡོང་འབབ་མཉམ་སྡེབ་ཀྱི་བགོ་འགྲེམས་ལ་བརྩིས་ནས། གནས་སྤོས་དུད་ཚང་ལ་ཡོང་འབབ་ཡོང་ཁུངས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

“ན་ནིང་ལོ་མཇུག་ཏུ་ང་ཚོའི་ཁྱིམ་ལ་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་སྒོར་700རག་བྱུང་། གལ་སྲིད་ཏང་དང་སྲིད་གཞུང་གི་ཐུགས་འཁུར་དང་རོགས་རམ་མེད་ན། ང་ཚོའི་འཚོ་བ་ཡག་པོ་འདི་འདྲ་གང་ནས་ཡོང་ཐུབ་བམ”ཞེས་བློ་དགས་སེམས་འགུལ་ཐེབས་བཞིན་བརྗོད།

“ད་ཆ་ཕྲུ་གུ་སློབ་གྲྭ་འགྲིམ་པར་སློབ་ཡོན་སྤྲོད་མི་དགོས་པ་དང་། བུ་ཆུང་བ་ཚེ་རིང་དབང་ཕྱུག་གྲོང་ཚོ་གསར་པའི་བུ་བཅོལ་ཁང་དུ་འགྲོ་ཡི་ཡོད། ཉིན་ལྟར་རྐང་ཐང་མར་བུ་སྐྱེལ་བསུ་ཐུབ་ཀྱི་འདུག་པས། སྔོན་མ་ལྟར་གྱི་དཀའ་ལས་རྒྱག་དགོས་མེད”ཅེས་བློ་དགའི་བཟའ་ཟླ་བློ་བཟང་བདེ་སྐྱིད་ཀྱིས་དགོད་འཚེར་འཚེར་ངང་བརྗོད།

ཁང་པ་གསར་པར་སྤོས་ནས་བློ་དགའི་ནང་མི་རྣམས་ལས་ཞུགས་དང་སློབ་གྲྭར་བསྐྱོད་རྒྱུ་སྟབས་བདེ་རུ་ཕྱིན་ནས། ཡོང་འབབ་དང་འཚོ་བ་ཡག་ཏུ་ཕྱིན་པ་མ་ཟད། ཁོ་ཚོའི་ཐོན་སྐྱེད་ལའང་འཐུས་ཤོར་ཕྱིན་མེད།

“དེ་སྔོན་འཚོ་བའི་ཁོར་ཡུག་གུ་དོག་པས་སྦོ་དགྱེ་ནས་གནམ་ལ་ལྟ་ཙམ་དང་སྟོད་བསྒུར་ནས་ས་ལ་ལྟ་ཙམ་ལས་བྱེད་རྒྱུ་མེད་པར། རོལ་རྩེད་གཞན་ཧ་ཅང་དཀོན་པོ་ཡོད། ད་ཆ་གནམ་དང་ས་ཡོད་པ་མ་ཟད། ད་དུང་ལག་ཐོགས་ཁ་པར་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་མངའ་བྱ་ཆོག”ཅེས་བློ་དགས་ཁ་པར་བཏོན་ནས་སྐད་འཕྲིན་དང་ཁྱུག་དབྱིངས་ལ་ལྟ་ཞོར་རྩེད་ཞོར་དུ་ཧ་ཅང་བག་ཡངས་པའི་སྣང་བ་ཞིག་ཁོ་པའི་ངོ་ལས་མངོན།

ཨ་ཐོག་ཁའི་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པས་གསར་འགོད་པར། དེ་སྔ་མང་ཚོགས་ཁ་ཐོར་དུ་གནས་པས། དུད་ཚང་རེ་གཉིས་ལའང་གློག་སྐུད་དང་ཆུ་མདོང་དང་ཆུ་གློག་འཁྲིད་དགོས་པ་མ་ཟད། ད་དུང་ལམ་ཡང་བཟོ་དགོས་པས། མ་གནས་ཧ་ཅང་མཐོ་པོ་ཡོད། ད་ཆ་གཅིག་སྡུད་འཚོ་སྡོད་བྱེད་ཀྱི་ཡོད་པས། སྲིད་གཞུང་གི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་ཀྱི་འགྲོ་སོང་ཉུང་དུ་ཕྱིན་པ་དང་། དོ་དམ་མ་གནས་ཀྱང་དམའ་རུ་ཕྱིན་ནས། གྲོན་ཆུང་བྱུང་བའི་དངུལ་དེ་དག་གིས་མི་སེར་ལ་ཕན་བདེ་དེ་བས་མང་བ་བསྐྲུན་ཐུབ་ཅེས་བརྗོད།

དེ་ནི་གཅིག་གོ་ཉིས་ཆོད་ཀྱི་བྱ་བ་ཞིག་རེད། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བློ་དགའ་དང་འདྲ་བའི་མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་འདོན་སྤེལ་ཐུབ་སྟེ། ཨ་ཐོག་ཁ་འབྱོར་འབྲིང་གྲོང་གསར་དུ་སྤོས་རྗེས། བློ་དགས་རང་སྒུལ་ངང་ཡུག་ཁུལ་གྱི་འཕྲོད་བསྟེན་དང་། འགྲོ་འོང་། སྡོད་མལ་ཁོར་ཡུག་སོགས་ཀྱི་ལས་ཀའི་འགན་བླངས་པ་རེད། ཁོང་དང་གྲོང་ཚོ་གཅིག་པའི་སྐར་མའང་བློ་དགའི་སྣེ་ཁྲིད་འོག ངལ་རྩོལ་མ་ནུས་པ་དང་སྒེར་གྱི་གཙང་སྦྲར་དོ་སྣང་མི་བྱེད་མཁན་ཞིག་ནས་ལས་བརྩོན་འཇོན་ཐང་ཆེ་བའི་ལག་རོགས་ཡག་པོ་ཞིག་ཏུ་གྱུར་ཡོད། གྲོང་མི་ཚོས་རང་འགན་གཙང་སྒྲུབ་དང་ང་ཤོར་ཁོ་ཤོར་གྱིས་ཐབས་བརྒྱ་ཇུས་སྟོང་བཏོན་ནས། ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་འཚོལ་གྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།