ཡར་ཀླུང་རིག་གནས་དུས་ཆེན་ཐོག་ཚོང་འགུགས་མ་འདྲེན་བྱེད་ཚད་སྒོར་དུང་ཕྱུར59.3ལྷག་ཙམ་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་བསྟུད་མར2019ལོའི་ཀྲུང་གོའི་བོད་ཀྱི་ཡར་ཀླུང་རིག་གནས་དུས་ཆེན་གྱི་བྱེད་སྒོ་ཁག་ཚ་ཚ་འུར་འུར་ངང་སྤེལ་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་གོ་སྐབས་དེ་དམ་པོར་བཟུང་ནས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་སྒྲིག་འཛུགས་བྱས་པར་ལྗོངས་ཕྱི་ནང་གི་ཁེ་ལས198ཀྱི་འཐུས་མི329ཞུགས་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་རྣམ་གྲངས་23གྱི་གན་རྒྱ་བཞག་པ། གྲོས་མཐུན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར59.3ལྷག་ཙམ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་རིག་གནས་དུས་ཆེན་ཞེས་པའི་ལོ་གཅིག་དུས་གཅིག་གི་དམངས་ཡོངས་རང་བཞིན་གྱི་འདུ་ཚོགས་དེ་གཞི་རྟེན་དུ་བྱས་ཏེ། མི་ཤུགས་དང་ནོར་ཤུགས་རྒྱུན་ཆད་མེད་པར་གཏོང་བ་དང་། ཚོང་གཉེར་གྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་གཏོད་པ། ཚོང་ལས་ལ་མཐོང་ཆེན་དང་ཚོང་ལས་ལ་དགའ་ཞེན་གྱི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ། མ་འཇོག་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། སྤེལ་རེས་དང་འགྲོ་འོང་བྱེད་པ། ས་གནས་ཀྱིས་ཁེ་ལས་དང་མཉམ་ལས་བྱེད་པ་བཅས་ཀྱི་ལས་སྟེགས་སྐྲུན་པའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།