བོད་ལྗོངས་ཉིང་ཁྲིས“བྲག་གསུམ་མཚོའི་རིག་གནས་ཡུལ་སྐོར་དུས་ཆེན”སྤེལ་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

138325727_1566355695420_title0h.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་གཙོ་སྒྲུབ་བྱས་པའི2019ལོའི་བྲག་གསུམ་མཚོའི་རིག་གནས་ཡུལ་སྐོར་དུས་ཆེན་ཉེ་ཆར་སྤེལ་འགོ་ཚུགས་པ་རེད། ཐེངས་འདིའི་ཡུལ་སྐོར་དུས་ཆེན་སྟེང་རིག་རྩལ་འཁྲབ་སྟོན་ཕུད་ད་དུང་རྐང་ཐང་དུ་བྲག་གསུམ་མཚོ་སྐོར་བ་དང་། ཞིམ་ཟས་དུས་ཆེན། མེ་ཕུང་དགོང་ཚོགས། བྱེ་ཐང་སྦག་སྦག་འཁོར་ལོ། སྦི་རག་རོལ་དབྱངས་དུས་ཆེན། ཚོན་མདོག་སྣ་བདུན་གྱི་སྒར་སའི་སྦྲ་གུར་དུས་ཆེན། རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སོགས་བྱེད་སྒོ10ལྷག་ཙམ་བཀོད་སྒྲིག་བྱས་པ་རེད། དུས་ཆེན་གྱི་བྱེད་སྒོར་བརྟེན་ནས་ཀོང་པོ་རྒྱ་མདའ་རྫོང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས། 

ཟླ་བརྒྱད་པའི་བྲག་གསུམ་མཚོ་ནི་ཉི་འོད་རབ་ཏུ་འཕྲོ་བ་དང་བསིལ་རླུང་ཤུག་ཤུག་ལྡང་བ་ཞིག་ཡིན། རིག་གནས་ཡུལ་སྐོར་དུས་ཆེན་དེ་བདེ་སྐྱིད་ལྡན་པའི་ཞབས་བྲོ་ཞིག་གི་ཁྲོད་དུ་འགོ་ཚུགས་པ་དང་། མིང་དུ་གྲགས་པའི་གླུ་བ་གླུ་མ་ཚོས་ཀོང་པོ་རྒྱ་མདའ་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་དང་མཉམ་འབྲེལ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་བར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གླུ་གར་དང་ཁ་ཤགས་སོགས་རིག་རྩལ་གྱི་རྣམ་པ་མི་འདྲ་བའི་ཐོག་ནས་འཁྲབ་སྟོན་བྱས་ཏེ་ས་གནས་དེ་གའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འགྲེམ་སྟོན་བྱས་པས་ཡུལ་དངོས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།