​གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་ཚོང་འགུགས་མ་འདྲེན་ལས་གཞིའི་འོས་སྦྱོར་ཚོགས་འདུ་སྐབས་ལྔ་པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྐབས་ལྔ་བའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་ཚོང་འགུགས་མ་འདྲེན་ལས་གཞིའི་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་།  གན་འཇོག་མ་དངུལ་སྒོར་དུང་ཕྱུར16.166ཟིན་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན་འོས་སྦྱོར་ཚོགས་འདུ་ཁྲོད་རྫོང་སོ་སོ(ཆུས)དང་ཆུས་གསར་བའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་བོ་ཚོང་འགུགས་ལས་གཞི་འོས་སྦྱོར་བྱས་པ་དང་ཆབས་ཅིག་ཏུ་བོད་ལྗོངས་ཧྲིན་ཁའེ་ཚད་ཡོད་ཀུང་སི། ཁྲང་ཤིན་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་ཧུང་རུའེ་ཁེ་ལས་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོ་ཞིག་དང་ལས་གཞི11གི་གན་རྒྱ་བཞག་སྟེ་མ་དངུལ་སྒོར་དུང་ཕྱུར16.166ཟིན་པ་རེད།

  ལས་གཞི་དེ་ལྗང་མདོག་གཏེར་རི་དང་། ནུས་ཁུངས་གཙང་མ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ། ས་ཁང་བདག་ཁོངས། རྒྱུ་ཆ་ལས་སྣོན་སོགས་ཀྱི་ཐོན་ལས་བཅས་དང་འབྲེལ་ཞིང་། ཐེན་ཅིན་གྲོང་ཁྱེར་གྱི་ཁེ་ལས་འཐུས་མི་ཚོགས་པ་དང་། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་སྲིད་གཞུང་གི་འཐུས་མི་ཚོགས་པ། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན། རྫོང(ཆུས)སོ་སོའི་ལས་བགོས་འགན་གཉེར་འགོ་ཁྲིད་བཅས་དང་ས་གནས་སོ་སོའི་ཚོང་ཚོགས། ལྗོངས་ཕྱི་ནང་གི་ཁེ་ལས་པ་སོགས་བསྡོམས་པས་མི160ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།