མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། མངའ་རིས་ས་ཁུལ་མི་རིགས་ཆོས་ལུགས་ཅུས་ཀྱིས་མངའ་རིས་ས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་པ་དང་མིག་སྔར་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་སྤེལ་ཚུལ་དང་གོམ་སྟབས་རྗེས་མའི་འཆར་གཞི་སྙན་སེང་ཞུས་པ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་རང་སྐྱོང་ལྗོངས་ཀྱི་ཚོད་ལྟ་བྱ་ཡུལ་གྱི་གྲོས་འགོའི་མིང་ཐོ་དང་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཆེད་དོན་པར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཆེད་དོན་འགྲོ་སོང་བེད་སྤྱོད་ཀྱི་འཆར་གཞི་སོགས་ལ་ཞིབ་འཇུག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱི་རིམ་ཁག་སྡེ་ཚན་གྱིས་ལས་དོན་སྒྲུབ་སྐབས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་གཏོད་འཛུགས་ལས་དོན་དེ་ཚན་པའི་ལས་སྒོའི་ཁྲོད་དུ་འདྲེས་པར་བྱེད་པ་དང་། དུས་ཆེན་དང་རྟེན་འབྲེལ་སྐབས་སུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་རྣམ་པ་མུ་མཐུད་ནུས་ཤུགས་ཆེན་པོས་གཏོད་པ། སློབ་གསོའི་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་གཏོད་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་མི་རིགས་མཐུན་སྒྲིལ་སློབ་གསོའི་དཔེ་སྟོན་རྟེན་གཞི་སྐྲུན་པ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་གཏོད་པའི་ལས་དོན་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།