གཞིས་རྩེ་གྲོང་ཁྱེར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཁང་གིས་སྐད་གཉིས་ཐོག་ནས་གྱོད་སྒྲུབ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཤར་ཚུན། གཞིས་རྩེ་གྲོང་ཁྱེར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཁང་གིས་མི་རིགས་སྐད་ཡིག་གི་སྐར་ཁུང་བཏོད་ནས་དོ་བདག་གི་འདོད་མོས་ལྟར་ངལ་རྩོལ་མི་དོན་རྩོད་གཞི་སྐད་གཉིས་ཐོག་ནས་ཞིབ་གཅོད་རེ་ཞུ་བྱེད་ཆོག་པས། ཕྱོགས་གཉིས་ཀྱི་དོ་བདག་གི་འདོད་མོས་ལ་བརྩི་བཀུར་གང་ལེགས་ཐུབ་སྟེ་མི་དམངས་མང་ཚོགས་ཀྱི་རེ་འདོད་བསྐངས་ཡོད། 

ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་ངལ་རྩོལ་མི་དོན་རྩོད་གཞི་འདུམ་གཅོད་ཁང་གིས་ལས་སྒོའི་འཇོན་ཐང་ཆེ་བའི་བོད་རིགས་འདུམ་གཅོད་པ་གསུམ་ལས་གྲུབ་པའི་མཉམ་གྲོས་ཁྲིམས་ས་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། སྐད་གཉིས་ཐོག་ནས་ཞིབ་གཅོད་བྱས་ཏེ་ཁྲིམས་ལྟར་ཁྲུན་ཐག་བཅད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།