ཆབ་མདོའི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རོགས་སྐྱོར་དངོས་བྱས་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཁག་བརྒྱད་པའི་ལས་བྱེད་པས་གྲོང་སྡོད་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལ་དམ་པོར་དམིགས་ཏེ། ཏང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཤུགས་ཆེན་བྱེད་པ་དང་། ཉེ་འགྲམ་གྱི་མི་དང་བྱ་བ་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱིས་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། མངགས་གཏོང་ཚན་པའི་ལེགས་ཆར་བརྟེན་པ། མ་དངུལ་རྣམ་གྲངས་མཐུན་སྦྱོར་ཧུར་ཐག་བྱེད་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ལྟོ་གོས་རྣམ་པའི་དབུལ་སྐྱོར་ནས་འཕེལ་རྒྱས་རྣམ་པའི་དབུལ་སྐྱོར་དང་། གཞན་བརྟེན་དབུལ་སྒྲོལ་ནས་རང་བརྟེན་དབུལ་སྒྲོལ་ལ་སྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གཞན་ཡང་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་བདུན”ལ་དམིགས་ཏེ། ལས་བྱེད་པ་གྲོང་སྡོད་བྱེད་རིང“བརྒྱུད་རོགས་འཁྲིད”གསུམ་དང་ཤེས་དཔལ་གྲོང་གསེབ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།

མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་ཁྲི་0.36བྱས་པ་དང་། དབུལ་སྐྱོར་དྲིལ་བསྒྲགས་དཔྱད་ཡིག་ཁྲི་14.88པར་འགྲེམས་བྱས་པ། དྲིལ་བསྒྲགས་ལེ་ཚན་ཁག་537བཏོན་པ་བཅས་བརྒྱུད། སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་14.1ཟིན་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནས་དུད་ཚང་ཁྲི་1གི་མི་ཁྲི་5.16ཕྱིར་འཐེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་100%བྱས་པ། མཉམ་སྡེབ་དཔལ་འབྱོར་གྱི་དངོས་ཚན་522བསྐྲུན་རོགས་བྱས་པ་དང་ཆེད་ལས་མཉམ་ལས་ཀྱི་དཔལ་འབྱོར་རྩ་འཛུགས་213བཙུགས་ནས་མི་ཁྲི་2.34ལ་འབབ་འཕར་བརྟན་པོ་བྱུང་བ། མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་ཐེངས་536སྤེལ་ནས་མི་ཁྲི་0.78ལས་ཞུགས་གཞན་སྒྱུར་ཐུབ་རོགས་བྱས་པ་དང་། དངུལ་སྨར་ཡོང་འབབ་སྒོར་ཁྲི་1278.15མང་དུ་སོང་བ། དབུལ་སྐྱོར་བྱ་ཐབས་ཁག་ཁྲི་0.31ཞིབ་བཟོ་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་ཁྲི་0.38ཕྱོགས་སྒྲིག་བྱས་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་དང་གནད་དོན་ཁྲི་0.18གསེད་བཀྲོལ་བྱས་པ། གནད་དོན་ཁྲི་0.13ཐག་གཅོད་བྱེད་རོགས་བཅས་བྱས་ཡོད།

དཔའ་ཤོད་རྫོང་གླིང་དཀར་ཤང་འབྱོར་བཅུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་132གྲབས་གསོག་བྱས་ཏེ། འབྱོར་བཅུ་གྲོང་ཚོར་སོ་ཕག་བཟོ་གྲྭ་བཙུགས་པ་དང་འབྲེལ་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་སོགས་འཕྲུལ་འཁོར་སྒྲིག་ཆས་ཉོས་པས། 2019ལོར་སྔོན་དཔག་བྱས་ན་འབབ་འཕར་སྒོར་ཁྲི་150ཡོང་བཟོ་ཡོད། ལྷོ་རོང་རྫོང་རྔུལ་ཤོད་ཤང་ཚེ་ཆུང་གྲོང་ཚོ་དང་། རྒྱ་ཤོད་གྲོང་ཚོ། མདའ་སྟེང་གྲོང་ཚོ་བཅས་སུ་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ནགས་ར་ཅུས་ཀྱི་ལས་དོན་རུ་ཁག་གིས་མངགས་གཏོང་ཚན་པའི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་མ་དངུལ་སྒོར་ཁྲི་500ཙམ་བཏང་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཕྲལ་མཁོ་ཆེ་ཤོས་ཀྱི་རྣམ་གྲངས་ཁག་3མཐུན་སྦྱོར་དོན་འཁྱོལ་བྱེད་རོགས་བྱས་པ་དང་སྣོད་བཅུད་ནགས་ར་དང་། དཔལ་འབྱོར་ནགས་ར། སྡོང་ཕྲུག་ར་བ་སོགས་ནགས་རའི་རྣམ་གྲངས་ཁག་5འཛུགས་སྐྲུན་བྱས་པས། ཞིང་འབྲོག་མང་ཚོགས་1900ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དཔལ་འབར་རྫོང་གཞུང་རི་གྲོང་ཚོ་དང་། གྲོ་གྲོང་ཚོ། སྐོམ་སེལ་གྲོང་ཚོ། སྤུ་བཀྲ་གྲོང་ཚོ། ཕུ་ཡུལ་གྲོང་ཚོ་བཅས་སུ་བཅའ་སྡོད་རང་སྐྱོང་ལྗོངས་ཞིང་ཚན་ཁང་གི་ལས་དོན་རུ་ཁག་གིས་གྲོང་མིར་ཡུག་སོན་ཏུན་13.5དང་། ཞོག་སོན་ཏུན་25 ནས་སོན་ཏུན་25 སྔོ་ཚལ་གྱི་སོན་རས་ཕད་3160 གཟན་རྩྭ་ཏུན་4.5སོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་བརྩོན་ལེན་བྱས་ཏེ་རིན་པ་མི་དགོས་པར་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་སྤྲད་པ། སྟེང་ཆེན་རྫོང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་རྫོང་མི་སྤྱི་དང་ཆུ་བེད་སོགས་ཀྱི་སྡེ་ཚན་དང་མཉམ་ལས་བྱས་ཏེ། སྟེང་ཆེན་རྫོང་གི་2019ལོའི་དུས་ཐེངས་དང་པོའི་ཞིང་འབྲོག་པའི་ཆུ་གློག་བཟོ་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་མཉམ་གཉེར་བྱས་ནས། རིག་གནས་ཀྱི་རྨང་གཞི་ངེས་ཅན་ཡོད་པའི་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་52ལ་གསོ་སྦྱོང་བྱས་ཡོད།

བེའུ་མདའ་ཤང་རི་ཤིས་ཡུག་འབྲེལ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཐོན་ཁུངས་དང་། མ་རྩ། རྐང་དངུལ། རྐང་བདག་སོཌ་ཀྱི་ཐོན་ལས་གཞི་རྐྱེན་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། “ཏང་འཛུགས་སྐྱོང་ལ་བརྟེན་ནས་དམངས་ཕྱུག་པོ་དང་། ཤང་སྟོབས་ཆེན། གྲོང་ཚོ་དར་རྒྱས་བཅས་ཀྱི་འདུ་འགོད”ལག་བསྟར་ཤུགས་ཆེན་བྱས་ཡོད། བེའུ་མདའ་གྲོང་ཚོས་ས་ཞིང་བརྒྱུད་བཤུག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། པད་ཁ་འདེབས་འཛུགས་དང་། པད་ཁ་ལས་སྣོན། སྣོད་བཅུད་ལྟ་སྐོར་ཞིང་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། གཡང་འཛོམས་གྲོང་ཚོས“ཐད་ཀར་དངུལ་གཏོང་དང་མ་རྩའི་ཁེ་ཕན་དབུལ་སྐྱོར་ཟུང་འབྲེལ་གྱི”དོ་དམ་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང“ཀུང་སི་དང་། ཀྲི་པུའུ། མཉམ་ལས་ཁང་། གསོ་ཚཌ་དུད་ཚང་བཅས་ཟུང་འབྲེལ་གྱི”བྱེད་སྟངས་སྤྱད་དེ་མང་ཚོགས་ཀྱིས་འབྲི་གཡག་དང་། ས་ཞིང་། རྩྭ་ར་བཅས་རྐང་དངུལ་དུ་བརྩི་རྒྱུར་སྐུལ་མ་བཏང་བ་དང་འབྲི་གཡག་དུས་ཐུང་སྡོམ་གསོ་དཔེ་སྟོན་རྟེན་གཞི་སྐྱེད་སྲིང་ཧུར་ཐག་བྱས་ནས་འབྲི་གཡག་མགོ་གྲངས་200གསོ་ཚགས་བྱས་པ་དང་ལས་ཞུགས་ལས་གནས་6ཐག་གཅོད་བྱས་ཡོད།

ས་མདོ་གྲོང་རྡལ་འཛར་ཐང་ཁ་ཡུག་འབྲེལ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས“བརྒྱུད་རོགས་འཁྲིད”གསུམ་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས། གྲོང་ཚོ(གྲོང་ལྷན)ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་ཐད་གཞོལ་བ་དང“མཉམ་སྒྲིག་བྱེད་དགོས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་དམར་ཁྲིད་དང“གཅིག་གཏད་གཅིག”གི་སྒོ་ནས་རོགས་ཁྲིད་བྱས་ཡོད། ས་མདོ་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་ཚེ་དཔག་རབ་བསྟན་དང་མདའ་རི་ཐུང་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཚེ་དབང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་གློག་ཀླད་སྤྱོད་པ་དང་། དཔང་ཡིག་འབྲི་བ། རེའུ་མིག་བཟོ་བ། གྲངས་གཞི་སྡོམ་རྩིས་བཅས་བྱེད་ཐུབ་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།