གཞིས་རྩེ་གྲོང་ཁྱེར་གྱིས་ཕུལ་བྱུང་སྨན་བཅོས་ཤེས་ལྡན་པའི་གཟེངས་བསྟོད་ཚོགས་ཆེན་བསྡུས།

138322765_1566269650687_title0h.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས19ཉིན་གྱི་ཕྱི་དྲོར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས“ཀྲུང་གོའི་སྨན་པའི་དུས་ཆེན”སྐབས་གཉིས་པར་རྟེན་འབྲེལ་ཞུ་བ་དང་ཕུལ་བྱུང་ན་གཞོན་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པ་དང་ཕུལ་བྱུང་ན་གཞོན་སྨན་བཅོས་ཤེས་ལྡན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་པ་རེད།

ཚོགས་འདུའི་ཐོག《གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་བྱེད་པར་སྤྲིངས་པའི་འཕྲིན་ཡིག》སྒྲོག་འདོན་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། དུས་ཡུན་རིང་པོའི་ནང་། གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་བྱེད་མི་སྣས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གོས་དཀར་ཕོ་ཉ”ཞེས་པའི་གཟི་བརྗིད་མཚན་སྙན་ལ་འགྲེལ་བཤད་བརྒྱབ་པ་དང་། “བདེ་ཐང་གི་སྒོ་སྲུང་བའི”བླ་ན་མེད་པའི་འགན་འཁྲི་གང་ལེགས་འཁུར་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་བྱེད་མི་སྣས་སྔར་ལས་འབད་པ་བྱས་ཏེ་རང་ཉིད་ཀྱི་ལས་སྒྲུབ་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་བྱེད་པའི་གཞི་རྩའི་ཁེ་དབང་ཕྱོགས་ཡོངས་ནས་འགན་ལེན་བྱེད་པ་དང་། སྲིད་ཇུས་ཀྱི་ཐོབ་ཐང་ཁག་དོན་འཁྱོལ་བྱེད་པ། ལས་ཀའི་ཁོར་ཡུག་བཟང་པོ་གཏོད་པ། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་དང་སྨན་བཅོས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། 

རྒྱ་ཆེའི་སྨན་པ་དང་སྨན་དོན་ལས་བྱེད་པ་དག་གིས་རང་བཀུར་རང་སྟོབས་དང་ཐོག་མའི་བསམ་འདུན་མ་བརྗེད་པར་རང་ངོས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྨན་པའི་ཀུན་སྤྱོད་ཡག་པོ་དར་སྤེལ་བཏང་ནས་ལག་རྩལ་རྩེ་གྲར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བར་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།