ཆབ་མདོ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས15ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་ཐོག་མར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ཁང་དེ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་ཚོགས་ཁང་ཆུང་ངུར་སྤེལ་བ་དང་ཁྱོན་མ་དངུལ་སྒོར་ཁྲི10.28བཏང་བ་རེད།

འགྲེམས་སྟོན་རིང་འགྲེམས་པང་ཕུད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་པར་ལེན་བྱས་པའི《སྒྲིག་འགལ་ཁྲིམས་འགལ་མི་སྣའི་འགྱོད་བཤགས་ཟིན་ཐོ》དང་། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཐོག་མར་པར་ལེན་བྱས་པའི《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་ཉེན་བརྡའི་སློབ་གསོའི་གནས་ཚུལ》རྒྱུན་མཐུད་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།