ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕྱིང་ལུང་ཤང་གིས་ཏང་ཡོན་དཔུང་ཁག་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ཏང་ཡོན་དཔུང་ཁག་དོ་དམ་ལ་ཤུགས་སྣོན་རྒྱག་ཕྱིར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕྱིང་ལུང་ཤང་གིས་ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་པ། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དོ་དམ་ལམ་སྲོལ་གསར་པ་བཟོ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཤང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྒུལ་ཤུགས་ཀྱི་འདེགས་སྐྱོར་བྱས་ཡོད།

ཏང་ཞུགས་ཧུར་བརྩོན་ཅན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། གྲངས་འབོར་ངེས་ཅན་གྱི་ཏང་ཞུགས་ཧུར་བརྩོན་ཅན་གྱི་རྒྱུན་གཏན་གྲངས་འབོར་རྒྱུན་འཁྱོངས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་རྒྱུན་མི་ཆད་པའི་འགན་ལེན་བྱས་ཡོད། ཏང་ནན་པོས་སྐྱོང་བའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས《ཏང་གི་སྒྲིག་ཡིག》མཛུབ་ཁྲིད་དུ་བྱས་ཐོག དོན་དངོས་ནས་འགོ་བཙུགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཏང་ཡོན་གྱི་ཚད་གཞི་གཏན་འཁེལ་དང་། ཏང་ཡོན་ལས་དོན་ལ་དམངས་གཙོའི་དཔྱད་བསྡུར་བྱ་རྒྱུ་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད།

གཞི་རིམ་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་བཏོད་ཅིང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་གསོ་སྦྱོང་སློབ་གསོའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། གཞི་རིམ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་ལེགས་སུ་བཏང་ཡོད། འགོ་ཁྲིད་ཀྱི་ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་དཀའ་གནད་སེལ་བར་སྣེ་ཁྲིད་དང་རོགས་རམ་བྱེད་པ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་པ། གཟུགས་བརྙན་བཟང་པོ་གཏོད་པ། ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།

ཏང་ཡོན་གྱི་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ཀྱི་ལམ་ལུགས་ཁག་འཐུས་སྒོ་ཚང་པོ་བཟོས་ནས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དོ་དམ་ལམ་སྲོལ་གསར་པ་བཟོས་ཡོད། གཞི་རིམ་ཏང་ཡོན་ལས་བྱེད་པའི་ལམ་ལུགས་ཀྱི་ལྟ་སྐུལ་དང་། གླེང་ཕྱོགས་ཀྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་སོགས་ནུས་ལྡན་གྱི་ལྟ་སྐུལ་ལམ་སྲོལ་སྣ་ཚོགས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཆད་གཅོད་ནན་པོ་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་ཐུབ་པ་བྱས་པ་མ་ཟད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།