ལྷ་ས་སྐྱིད་ཆུའི་འགྲམ་གྱི་དུས་བཞིའི་བཀྲ་ཤིས་གྲོང་ཚོ།

138312035_15658822110461n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ24ཡོད་པའི་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་རྒྱུད་དུ་དབྱར་དགུན་སྟོན་དཔྱིད་མཚོན་པའི་ཚོན་མདོག་བོད་བཟོའི་ཁང་པ365ལས་གྲུབ་པའི་གྲོང་ཚོ་ཞིག་ཡོད་པ་དེ་ནི་བོད་ལྗོངས་ཀྱི་སྐོར་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་སྟེ་དུས་བཞིའི་བཀྲ་ཤིས་གྲོང་ཚོ་རེད། 

2016ལོའི་ཟླ12པའི་ཚེས15ཉིན་ཆུ་ཤུར་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང200ལྷག་ཙམ་དང་སྔར་བཞིན་རྒྱ་མཚོའི་ངོས་ལས་སྨི4500ཡན་གྱི་ས་ཁོངས་སུ་བསྡད་ཡོད་པའི་གྲོང་མི་བསྡོམས་པས1000ལྷག་ཙམ་དངོས་སུ་གནས་འདི་གར་སྤོས་ཡོང་བ་རེད།

138312035_15658822112721n.jpg

དུས་བཞིའི་བཀྲ་ཤིས་གྲོང་ཚོོ་གནས་སའི་ཚལ་སྣེ་ཤང་དེ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ། རྒྱལ་ལམ318བཅས་ལ་ཐག་ཉེ་བ་དང་། ཚལ་སྣེ་ཤང་གི་ཁོངས་གཏོགས་ཁུལ་གྱི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་། ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་གླིང་སོགས་ཐོན་ཁུངས་ལ་བརྟེན་ནས་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་མཐའ་འཁོར་དུ་མུའུ་ཁྲི་ཡོད་པའི་གྲོང་གསེབ་ཀྱི་སྡོང་ཕྲུག་སོན་བཟང་གསོ་སྤེལ་རྟེན་གཞི་དང་། ཀྲུང་ལུགས་དང་བོད་སྨན་འདེབས་འཛུགས་རྟེན་གཞི། དེང་རབས་ཅན་གྱི་བཞོན་མ་གསོ་ར་སོགས་རྣམ་གྲངས་ཆེ་གྲས་བསྐྲུན་ཡོད་ལ། དེ་གའི“དངུལ་རྩ+རྟེན་གཞི+ཀུང་སི+མཉམ་ལས་ཁང+དུད་ཚང་དབུལ་པོ”བཅས་ཀྱི་དབུལ་ཐར་བྱ་ཐབས་འཚོལ་ཞིབ་བྱས་ནས་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱས་པའི་དུད་ཚང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་རོགས་རམ་བྱས་པ་རེད། 

138312035_15658822114661n.jpg

2018ལོར། དུས་བཞིའི་བཀྲ་ཤིས་གྲོང་ཚོ་དེ“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)དང་“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་གྲོང་ཚོར”བདམས་ཐོན་བྱུང་ལ། 2018ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར11000ལས་བརྒལ་ཡོད་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།