བོད་ལྗོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར9%འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ད་ལོའི་ལོ་སྟོད་དུ་བོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་བརྩོན་གྱི་རྣམ་པ་བཟང་པོ་མངོན་ཏེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར681.69ཟིན་ནས9%འཕར་ཏེ་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པའི་ནང་གྲོང་གསེབ་དང་བཟོ་ལས་དཔལ་འབྱོར་དེ་བོད་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད།

གྲངས་གཞི་ལས་མངོན་པར། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར43.60ཟིན་ནས3.7%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས1.8ཀྱིས་མགྱོགས་པ་དང་། ཐོན་ལས་གཉིས་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར229.50ཟིན་ནས10.7%འཕར་བ། ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར408.59ཟིན་ནས8.7%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས4.2ཀྱིས་མགྱོགས་པ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།