བོད་ལྗོངས་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གཞི་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།

1565661342178099.jpg

འདི་ནི་ཟླ8པའི་ཚེས10ཉིན་རྒྱལ་ལམ109རྒྱུད་ཀྱི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གཞིའི་འདམ་གཞུང་རྫོང་གི་ཨར་ལས་བྱ་ཡུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ལམ109རྒྱུད་ཀྱི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གཞིའི་སྤྱིའི་རིང་ཚད་ལ་སྤྱི་ལེ226.937ཡོད་པ་དང་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། རྣམ་གྲངས་དེ་ནག་ཆུ་ནས་འགོ་ཚུགས་ཏེ་མཚོ་བོད་ལྕགས་ལམ་བརྒྱུད་ལྷོ་ཕྱོགས་སུ་རྒྱུད་ནས་མཇུག་གནས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་རེད། ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྣམ་གྲངས་དེ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད་པ་རེད། 

1565661349116028.jpg

འདི་ནི་ཟླ8པའི་ཚེས10ཉིན་བསྐྱར་སྐྲུན་ལས་གཞིའི་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ཨར་ལས་བྱ་ཡུལ་གྱི་རྩྭ་ཤུན་ལོགས་སུ་ཉར་ཚགས་བྱས་ནས་ལས་གཞི་ལེགས་གྲུབ་བྱུང་རྗེས་རྩྭ་ཐང་སླར་གསོ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།