ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཐད་གྲུབ་འབྲས་བཟང་པོ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔར། རྒྱལ་ཡོངས་སུ་ཞིང་ཆེན21གིས་ནང་སའི་བོད་ལྗོངས་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་ཡོད་ཅིང་། སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི2ཙམ་ཟིན་པ་དང་། དེའི་ནང་ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)དམའ་འབྲིང་འཛིན་གྲྭར་སློབ་མ5000དང་མཐོ་འབྲིང་འཛིན་གྲྭར་སློབ་མ་ཁྲི1.1 འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ3700བཅས་ཡོད་པ་རེད། མིག་སྔའི་བར། དམའ་འབྲིང་དང་མཐོ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ ཆེད་ཚན། དཀྱུས་མའི་དངོས་གཞིའི་ཚན་ཁག ཞིབ་འཇུག་སློབ་མའི་སློབ་གསོ་བཅས་ཚུད་པའི་སློབ་གཉེར་གྱི་མ་ལག་ཅུང་ཆ་ཚང་པོ་ཡོད་པ་རེད།

ནང་སའི་བོད་ལྗོངས་འཛིན་གྲྭར(སློབ་གྲྭ)ཆེད་ལས་ལས་རིགས་དགེ་རྒན་དང་ལས་བཟོ1700ཙམ་ཡོད་ཅིང་། ལོ་ལྟར་བོད་ཡིག་དགེ་རྒན(དོ་དམ་དགེ་རྒན་ཚུད) 200མངགས་གཏོང་བྱེད་པ་དང་། སློབ་མ་མི་ཐེངས་ཁྲི4ཙམ་བསུ་སྐྱེལ་བྱས་ནས། ལོ14བསྟུད་མར་དོན་རྐྱེན་གང་ཡང་ལྷག་མེད་པས། བོད་ལ་རིམ་པ་ཁག་དང་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་ཁྲི5.6ལྷག་སྐྱིད་སྲིང་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།