བོད་ལྗོངས་ཞིང་འབྲོག་ཁུལ་གྱི་མ་བུའི་བདེ་ཐང་ཞབས་ཞུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མར་མ་བུ་བདེ་སྲུང་ཁང་བཙུགས་པ་དང་། རྫོང(ཆུས)ལ་མ་བུ་བདེ་སྲུང་ཁང(ས་ཚིགས)བཙུགས་པ། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་བཅས་སུ་མ་བུ་བདེ་སྲུང་གི་གཞི་རྩའི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། གཞན་ཡང་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྦྲུམ་མ་དང་བྱིས་པའི་སྒྲིག་ཆས་མང་པོ་དང་དེ་བཞིན་འགྲིམ་འགྲུལ་ཡོ་བྱད་ཁ་ཤས་བཀོད་སྒྲིག་དང་ཁ་གསབ་བྱས་པས། ཞིང་འབྲོག་ཁུལ་གྱི་མ་བུའི་བདེ་ཐང་ཞབས་ཞུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

“ངའི་བུ་མོ་སྐྱེས་ནས་ལོ་ཕྱེད་ཕྱིན་སོང་། སྐྱེས་པ་ནས་ད་བར་ཆམ་པ་ཐེངས་གཅིག་ཀྱང་ཐེབས་མྱོང་མེད། བུ་མོ་སྐྱེས་རྗེས་ཀྱི་རང་ཉིད་ཀྱི་གཟུགས་པོ་ཡང་ཡག་པོ་ཞིག་གསོས་པ་དེ་དག་ཚང་མ་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་རྣམས་ཀྱི་བཀའ་དྲིན་ཡིན”ཞེས་ལོ་ཕྱེད་གོང་གི་ཕྲུ་གུ་སྐྱེ་སྐབས་ཀྱི་ཉམས་མྱོང་གླེང་སྐབས། ལོ་34ལ་སླེབས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནུབ་ཕྱོགས་གྲོང་ཚོའི་གྲོང་མི་ལྷག་པ་ཕན་ཐོགས་ཀྱིས་བཀའ་དྲིན་ཚོར་བཞིན་དུ་བརྗོད།

ལྷག་པ་ཕན་ཐོགས་ལ་བུ་མོ་བདེ་བླག་ངང་སྐྱེས་པ་དེ་ནི་གཞིས་རྩེ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མ་བུའི་བདེ་ཐང་ཞབས་འདེགས་མཁོ་འདོན་བྱས་པ་དང་ཁ་འབྲལ་ཐབས་མེད། ལྷག་པ་ཕན་ཐོགས་ལ་མངལ་འཁོར་བའི་ཐོག་མའི་དུས་སུ་ཁོང་གནས་ཡུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་གིས་ཁོང་ལ་སྦྲུམ་མའི་ཆ་འཕྲིན་གཱ་བཟོས་པ་མ་ཟད། ཆེད་མི་མངགས་ནས་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་དུBསྒྲ་རླབས་སོགས་རིན་མེད་ཀྱི་སྦྲུམ་མའི་བརྟག་དཔྱད་བྱེད་རོགས་ཀྱང་བྱས་ཡོད།

གཤགས་བཅོས་བདེ་བླག་བྱུང་བ་དང་ཉིན10ཡི་བདེ་ཐང་སླར་གསོ་བརྒྱུད། ལྷག་པ་ཕན་ཐོགས་ཀྱིས་བུ་མོ་པང་དུ་བཏབ་ནས་སྨན་ཁང་ནས་དོན། བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བའི་འགྲོ་སོང་ཆ་ཚང་རྩིས་ཞུའི་ཁ་གསབ་ལམ་ལུགས་གཞིར་བཟུང་། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་འགྲོ་གྲོན་སྒོར་ཁྲི2ཚང་མ་རྩིས་ཞུ་བྱུང་བ་ཕུད། ལྷག་པ་ཕན་ཐོགས་ལ་ད་དུང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙས་པའི་ཁ་གསབ་སྒོར1500བྱུང་ཡོད།

མིག་སྔའི་བར། བོད་ཀྱི་རིམ་ཁག་མ་བུ་བདེ་ཐང་ཞབས་ཞུའི་མ་ལག་རིམ་བཞིན་བཙུགས་ནས་བོད་རང་སྐྱོང་ལྗོངས་སྦྲུམ་མ་དང་ཕྲུ་གུའི་སྨན་ཁང(མ་བུ་བདེ་སྲུང་སྨན་ཁང)ཡང་གཉེར་སྐྱོང་བྱེད་བཞིན་ཡོད་ཅིང་། བོད་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མར་མ་བུ་བདེ་སྲུང་ཁང་བཙུགས་པ་དང་། རྫོང(ཆུས)ལ་མ་བུ་བདེ་སྲུང་ཁང(ས་ཚིགས)བཙུགས་པ། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་བཅས་སུ་མ་བུ་བདེ་སྲུང་གི་གཞི་རྩའི་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད། གཞན་ཡང་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྦྲུམ་མ་དང་བྱིས་པའི་སྒྲིག་ཆས་མང་པོ་དང་དེ་བཞིན་འགྲིམ་འགྲུལ་ཡོ་བྱད་ཁ་ཤས་བཀོད་སྒྲིག་དང་ཁ་གསབ་བྱས་པས། ཞིང་འབྲོག་ཁུལ་གྱི་མ་བུའི་བདེ་ཐང་ཞབས་ཞུའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།