ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་ནུས་ཤུགས་ཡོད་རྒུས་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། ཉིན་ཤས་གོང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ་འཚོགས་ནས། སྲིད་གཞུང་ཁོངས་གཏོགས་ཀྱི་སྒྲིག་ཁྲིམས་འཛུགས་སྐྱོང་དང་། སྤྱོད་ཚུལ་འཛུགས་སྐྱོང་། ཕན་ནུས་འཛུགས་སྐྱོང་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་ནུས་ཤུགས་ཡོད་རྒུས་བཏོད་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས“འགན་འཁྲི་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་དངོས་སུ་ལྡན་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་གྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས། སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ཁག་གི་ལས་འགན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་པ་ལག་བསྟར་བྱེད་པ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ལ་བརྩིས་ནས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལག་བསྟར་མཐའ་འཁྱོངས་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར། ཞིབ་བསྡུར་དང་བཙལ་འཚོལ་དག་ཐེར་བཅས་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་ངེས་ཤུགས་དང་སྙིང་སྟོབས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཀྱི་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས། ཕྱི་ཚུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། རང་ངོས་ནས་འགོ་བཙུགས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། བྱ་ཐབས་ལེགས་སུ་གཏོང་བ། འགན་སྒྲུབ་ཚད་ལྡན་དུ་གཏོང་བ། འགག་སྒོ་ནན་པོ་སྲུང་བ་བཅས་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་ཆད་ལུས་མེད་པར་ལག་བསྟར་དང་དོན་འཁྱོལ་ཏན་ཏིག་བྱེད་དགོས། ལག་བསྟར་བྱ་ཐབས་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ཐོག་མཐའ་བར་གསུམ་དུ་ནན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པ་དང་། ཞིབ་བསྡུར་དང་ལག་བསྟར་ནན་ཏན། འགན་འཁྲི་ལག་བསྟར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན། བདག་གཉེར་བརྒྱུད་རིམ་ནན་དུ་གཏོང་བ་བཅས་བྱས་ཏེ་ལག་བསྟར་བྱ་ཐབས་སྲིད་གཞུང་གི་ཁོངས་གཏོགས་སུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཛོལ་ཐད་ངེས་པར་དུ་མཐའ་གཅིག་ཏུ་བདའ་འདེད་བཏང་ནས་རུལ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ལས་བྱེད་པ་དང་ལས་བཟོའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་དུ་སློབ་གསོ་གཏོང་བ་དང་། ཟིལ་ཤུགས་ཆེ་རུ་གཏོང་བ། བཅོས་སྒྲིག་ནན་པོ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་བཀག་སྡོམ་རང་རྟོགས་ངང་དང་ལེན་བྱེད་པ་དང་ཏང་སྲོལ་སྲིད་གཞུང་འཛུགས་སྐྱོང་གི་ལས་དོན་ཁག་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།