བོད་ལྗོངས་ཀྱིས་ཆེད་དོན་བྱ་སྤྱོད་སྤེལ་ནས་འཐུང་ཆུའི་བདེ་འཇགས་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། འཐུང་ཆུའི་ཆུ་འགོའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་གཞིར་བཟུང་། 2018ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱིས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། རིམ་ཁག་སྲིད་གཞུང་སྒྲིག་འཛུགས་བྱས་ཏེ“ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱེད་པ་དང་། གཙང་སེལ་བཅོས་སྒྲིག་བྱེད་པ། རེ་རེ་བཞིན་ཞིབ་དཔྱད་ཐོ་སུབ་བྱེད་པ”བཅས་ཀྱི་རྣམ་པ་བརྒྱུད། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་གི་གནད་དོན་གཙང་སེལ་བཅོས་སྒྲིག་བྱས་པས་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་དག་ཏུ་སོང་ཡོད་ལ་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་བདེ་འཇགས་འགན་ལེན་ཡང་ཐུབ་ཡོད་པ་རེད།

མིག་སྔའི་བར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཆུ་འགོ་ཁུལ་ལ་གྲལ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ཁོར་ཡུག་གི་གནད་དོན11ཚང་མ2018ལོའི་ལོ་མཇུག་གོང་དུ་བཅོས་སྒྲིག་བྱས་པ་དང་། རྫོང་རིམ་པའི་ཆུ་འགོ་ཁུལ་ལ་གྲལ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ཁོར་ཡུག་གི་གནད་དོན་71ཚང་མ་འདི་ལོའི་ཟླ་བདུན་པའི་ཟླ་མཇུག་ཏུ་བཅོས་སྒྲིག་བྱས་ནས་རྒྱལ་ཁབ་ཀྱི2019ལོའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།