《ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ65འཁོར་བའི》དྲན་གསོའི་སྦྲག་འཛིན་ལྷ་སར་ཐོག་མར་བཀྲམ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་65འཁོར་བར་དྲན་གསོ་དང་དྲིལ་བསྒྲགས་བྱ་ཆེད། ཚེས10ཉིན་ཀྲུང་གོ་སྦྲག་སྲིད་ཀྱིས་ལྷ་སར《ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་65འཁོར་བའི》དྲན་གསོའི་སྦྲག་འཛིན2བཀྲམ་པ་དང་། སྦྲག་འཛིན་ཆ་ཚང་དེའི་རིན་ཐང་སྒོར2ཡིན་པ་རེད།

བོད་རང་སྐྱོང་ལྗོངས་སྦྲག་སྲིད་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་པུའུ་ལིན་གྱིས། རི་མོ་དང་པོ་ནི“ཁྲོན་བོད་ཟམ་པ་དང་པོ”ཞེས་གྲགས་པའི་ཁམས་དར་ཟམ་ཆེན་ཡིན་ལ། རི་མོ་གཉིས་པའི་ཐོག“གནམ་འོག་གི་ཏའོ་པན་དང་པོའི”རྡོ་རིང་ལྟེ་བར་བྱས་ནས་འགྲམ་དུ་གདང་ལའི་རྡོ་རིང་དང་གཙོད་སོགས་ཀྱང་བཀོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།