ཉིང་ཁྲིའི་དངུལ་རྩས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པ་སྨན་གླིང་རྫོང་བརླ་མདོ་དབྱིན་ཧྥེང་སྣོད་བཅུད་འབྲོག་རར་འབྱོར་སྐབས། ཁེ་ལས་ཀྱི་འགན་འཁུར་བ་ཀྲུའུ་ཤིན་ཧའེ་ཡིས“བརླ་མདོ་དབྱིན་ཧྥེང་སྣོད་བཅུད་འབྲོག་ར་ནི་སྒྲིག་ཆས་ཞིང་ལས་དང་། ལྗོངས་གཟིགས་ཞིང་ལས་ལས་སྣོན། སྤྲོ་གསེང་ཡུལ་སྐོར། སྣོད་བཅུད་རྒན་གསོ་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ལྗོངས་གཟིགས་གླིང་ཞིག་རེད། རྣམ་གྲངས་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར3.2བཏང་ཞིང་། མིག་སྔར་དྲོད་ཁང་ཆེ་གྲས17དང་ཉ་རྫིང5ཡོད། ཀྲོ་མ་ཀྲུ་དང་། སུར་པན། ཆེ་ཙེ་སོགས་སྔོ་ཚལ་འདེབས་བཙུགས་བྱས་པར། ཆ་སྙོམས་མུའུ་རེར་ཐོན་ཚད་རྒྱ་མ་ཁྲི3.2ཙམ་ཟིན་གྱི་ཡོད”ཅེས་ངོ་སྤྲོད་བྱས།

ཁེ་ལས་ཐོག་མར་འཕེལ་རྒྱས་གཏོང་བའི་དུས་མཚམས་སུ་སྦྲག་སྲིད་དངུལ་གསོག་དངུལ་ཁང་དང་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་སྔ་རྗེས་སུ་ཁེ་ལས་ལ་དངུལ་བུན་སྒོར་ཁྲི་6400གཡར་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་། ལག་རྩལ་ཞིབ་བཟོ། ཐོན་སྐྱེད་རྒྱ་སྐྱེད་བཅས་ལ་རྒྱབ་སྐྱོར་བྱས་པ་རེད། སྲིད་གཞུང་དང་དངུལ་ཁང་སོགས་ཕྱོགས་མང་གི་རྒྱབ་སྐྱོར་འོག་དབྱིན་ཧྥེང་ཞིང་འབྲོག་ཚན་རྩལ་ཀུང་སིས་རྟེན་གཞི་ཆེན་པོ7བསྐྲུན་ཅིང་། ལྗོངས་གཟིགས་ཞིང་ལས་དང་། བོད་ཕག་གསོ་ཚགས། གཟན་ཆས་ལས་སྣོན་སོགས་ནང་གསེས་ཆེ་གྲས་9ཚུད་པ་དེ་དག་ཉིང་ཁྲི་ཙམ་མ་ཟད། ཐ་ན་བོད་ལྗོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་དབྱིན་ཧྥེང་ཞིང་འབྲོག་ཚན་རྩལ་ཀུང་སིས་ས་ཆ་དང་། ཞིང་འཕྲུལ་བོགས་གཏོང་། ངལ་ནུས་དང་ལས་མི་བཀོལ་སྤྱོད་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད། རིམ་རྩིས་བྱས་ན་མང་ཚོགས་དབུལ་པོར་ཐོབ་ཆ་སྣ་ཚོགས་སྒོར་ཁྲི1364.28སྤྲད་ནས། དུད་ཚང106གི་མི353བརྟན་པོའི་ངང་དབུལ་སྒྲོལ་ཡོང་བར་སྣེ་ཁྲིད་བྱས་ཡོད། ད་དུང་ཐོན་ལས་འཕེལ་རྒྱས་ལ་དངུལ་རྩའི་རྒྱབ་སྐྱོར་བྱས་པས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།