ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱས་པར་ཕན་འབྲས་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་གཅིག་སྡུད་དག་ཐེར་གྱི་ལས་དོན་ཤུགས་ཆེན་སྤེལ་བར། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱབ་ནས་མདུན་དུ་བརྩི་བའི་བྱ་ཐབས་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱིས“ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས62གྲལ་བཤེར་ཐུབ་པ་དེས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)བསྡོམས་གྲངས་ཀྱི11.29%བཟུང་བ་དང་། གནད་དོན80མཐིལ་རྟོགས་བྱུང་བ། ཆེད་དོན་དག་ཐེར་ཇུས་གཞི62བཟོས་པ། དག་ཐེར་བྱ་ཐབས196ཞིབ་ཚགས་སུ་བཏང་ཡོད། འབྲེལ་ཡོད་ཀྱི་གྲོང་ཚོ(གྲོང་ལྷན)ལ་དག་ཐེར་བྱེད་མཇུག་འགྲིལ་རྗེས། གྲོང་ཁྱེར་དང་རྫོང(ཆུས)རིམ་པ་གཉིས་ཀྱི་རྩ་འཛུགས་སྡེ་ཚན་སོ་སོས་ཞིབ་བཤེར་རྩིས་ལེན་དང“ཕྱིར་ལྟ”ཞིབ་བཤེར་བྱས་པ་དང་། གྲོང་ཚོ(གྲོང་ལྷན)ཏང་རྩ་འཛུགས་ཀྱི་བཀག་རྒྱའི་གསལ་ཐོ་བཟོས་པ། དག་ཐེར་དོན་འཁྱོལ་མ་བྱུང་བའི་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་5མུ་མཐུད་འདི་ལོའི་གཙོ་གནད་དག་ཐེར་བྱ་ཡུལ་དུ་བཅུག་ནས་གྲོང་ཚོ(གྲོང་ལྷན)ཚང་མ་དག་ཐེར་ཚད་ལོན་ཐུབ་པའི་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།