ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་འཕྲིན་གཏོང་ལས་སྒོའི་དབུལ་སྐྱོར་གཟིགས་སྐྱོང་གི་དངུལ་གྲངས་སྒོར་ཁྲི2334ལྷག་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ས་ཆ་དབུལ་པོའི་མི་སེར་ལ“སྤྱོད་གོ་ཆོད་པ་དང་། སྤྱོད་ཐུབ་པ། སྤྱོད་ལེགས་པ”བཅས་ཀྱི་ཆ་འཕྲིན་འཕྲིན་གཏོང་ཞབས་འདེགས་ཞུ་ཆེད། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་དམངས་ཕན་ལས་སྒོ་རབ་དང་རིམ་པ་གཉེར་ནས་འཕྲིན་གཏོང་ཐད་ཀྱི་དབུལ་སྐྱོར་ལས་དོན་ལ་སྐུལ་མ་ཧུར་ཐག་བཏང་བ་རེད། ད་ལོའི་ཟླ5པ་བར་ལྗོངས་ཡོངས་ཀྱི་འཕྲིན་གཏོང་ལས་སྒོའི་དབུལ་སྐྱོར་ཐད་རིམ་རྩིས་བྱས་ན་གཟིགས་སྐྱོང་དངུལ་གྲངས་སྒོར་ཁྲི2334ལྷག་ཙམ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲིན་གཏོང་ལས་རིགས་ཀྱི་དབུལ་སྐྱོར་ལས་དོན་ལ་སྐུལ་མ་གཏོང་ཆེད། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་ལས་སྒྲོམ་ཐོག་ཏུ་དབུལ་སྐྱོར་དུད་སྣེ་འཇོག་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་བ་དང་ལས་སྒྲོམ་ཐོག་ཏུ་འཇོག་པའི་སྐོར་ཞིབ་ལས་དོན་དོན་འཁྱོལ་བྱས་ཁར་གཉེར་ཚོང་བ་སྒྲིག་འཛུགས་བྱས་ཏེ་དགོས་མཁོ་བབ་མཐུན་གྱི་འཆར་འགོད་ཡག་པོ་བསྒྲུབས་ཤིང་། དུས་ཐོག་ཏུ་མངགས་ཉོའི་འགན་སྲུང་མཁོ་འདོན་གྱིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཡན་ལག་ཀུང་སིའི་ལྟེ་བའི་ལས་གཉེར་ཁང་དང་རྫོང་ཆུས72ཀྱི་ཅུས་ལྟེ་བའི་ལས་གཉེར་ཁང་ལ་ཉུང་མཐར་ཡང་དྲ་གནས1ལས་སྒྲོམ་ཐོག་ཏུ་བཞག་ཁར་དྲ་གནས་རེའི་ལས་སྒྲོམ་ཐོག་ཏུ་བཞག་པའི་དབུལ་སྐྱོར་དུད་སྣེ2ལས་མི་ཉུང་བ་བྱས་ཡོད། དེ་དང་ཆབས་ཅིག་འཐབ་ས་དང་པོའི་མི་སྣ་གསོ་སྦྱོང་དང་འཐེན་བཤེར་གང་ལེགས་བྱས་ཏེ་འཐབ་ས་དང་པོའི་མི་སྣར་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཁར་དབུལ་སྐྱོར་སྲིད་ཇུས་གནད་སྨིན་ཚད་མཐུན་ངང་བདག་སྤྲོད་གང་ལེགས་བྱས་པ་མ་ཟད། འཕྲིན་གཏོང་ལས་སྒོའི་དབུལ་སྐྱོར་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབས་ནས་འཕྲིན་གཏོང་ལས་སྒོའི་དབུལ་སྐྱོར་སྲིད་ཇུས་ལས་འཕྲིན་གཏོང་སྤྱོད་མཁན་ཡོངས་ལ་ཕན་པ་ཐོབ་པར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།