ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཏན་ཏིག་ཡོང་བར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་ཡོད་བླང་བྱར་གཞིགས་ཏེ་ནག་ཆུ་གྲོང་ཁྱེར་གྱི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། ཕྱོགས་གཉིས་ལ་དམ་འཛིན། གཉིས་ཀར་འཐུས་ཤོར་མི་ཡོང་བ་བཅས་བྱས་ཐོག བྱེད་པོའི་འགན་འཁྲི་དང་། ལས་འགན་གྱི་དམིགས་ཚད། བྱེད་ཐབས་བཅས་སྔར་བས་གསལ་བཟོ་བྱས་ནས་གྲོང་སྡོད་ལས་དོན་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ་རེད།

སྒྲོག་འགྲེལ་ལ་སྣང་ཆེན་གྱིས་མང་ཚོགས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་པ། ལྷ་རི་རྫོང་གི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་དབྱར་རྩྭ་དགུན་འབུ་འཐུ་རིང་། དོན་དངོས་དང་ཟུང་འབྲེལ་གྱིས་དགོང་མོའི་ངལ་གསོའི་དུས་ཚོད་གང་ལེགས་སྤྱད་དེ་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འབྲེལ་ཡོད་ནང་དོན་དྲིལ་བསྒྲགས་བྱས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དབྱར་རྩྭ་དགུན་འབུའི་ཡོང་འབབ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་ཡོད། ཤན་རྩ་རྫོང་བ་ཚྭ་ཤང་ཕག་འགྲོ་འོག་མ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་དོན་རུ་ཁག་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གནད་སྨིན་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྒྲོག་འགྲེལ་བྱས་པ་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང་། “ཁག་གཅིག་རེ་ལྔ” “གནད་སྨིན་དྲུག”སོགས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་བྱ་དང་ཕྱོགས་གསུམ་པས་རྩིས་ལེན་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

གཙང་སྦྲར་སྣང་ཆེན་གྱིས་སྡོད་མལ་ལ་འཚམ་པའི་གྲོང་ཚོ་གཙང་མ་བཏོད་པ། ཤན་རྩ་རྫོང་བ་ཚྭ་ཤང་ཕག་འགྲོ་འོག་མ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ལས་དོན་རུ་ཁག་གིས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་སྔ་རྗེས་སུ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ཐེངས་མང་སྤེལ་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གཙང་ལ་གྲལ་འགྲིག་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བཏོད་པས་གྲོང་ཚོ་ཡོངས་ཀྱི་ཁོར་ཡུག་གཙང་སྦྲ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་པ་དང་དུས་མཚུངས། གྲོང་ཚོ“ཨུ་ལྷན་གཉིས”སྒྲིག་འཛུགས་བྱས་ནས་སྤྱི་པའི་གཙང་སྦྲ་དང་ཁྱིམ་ཚང་གི་གཙང་སྦྲར་དུས་ངེས་མེད་ངང་ཞིབ་བཤེར་བྱས་ཡོད། ལྷ་རི་རྫོང་གི་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་མང་ཚོགས་ལ་བྱ་བ་ཆུང་ཙག་ནས་འགོ་འཛུགས་པ་དང་། ད་ལྟ་ནས་འགོ་འཛུགས་པ། གྲོང་ཚོའི(གྲོང་ལྷན)ཁོར་ཡུག་གཅེས་སྐྱོང་བྱ་རྒྱུ་ནས་འགོ་འཛུགས་པ་བཅས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་རང་ཉིད་ཀྱིས་སྒྲུབ་དགོས་ངེས་ཀྱི་ལས་འགན་ལ་བརྩི་བ་དང་འབྲེལ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཁྱིམ་གཞིས་བསྐྲུན་ནས་མཛེས་སྡུག་ལྡན་པའི་ཞི་མཐུན་གྱི་སྡོད་མལ་ཁོར་ཡུག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

འགན་འཁྲིར་སྣང་ཆེན་གྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་སྟོབས་ཆེར་བཏང་བ། གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ངལ་རྩོལ་ལ་དགའ་ཞེན་དང་། ཤེས་དཔལ་ལ་སྣང་ཆེན། སྲོལ་གསར་འཛུགས་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད། མང་ཚོགས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མི་ཚང་མས་གྲོང་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཐུབ་པ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།